སེར་ལམ་ལམ་གྱི་སེམས་ཉིད་ནགས་ཀླུང་།
སྟོན་ཟླ་བཅུ་པའི་རབ་མཛེས་མཚོ་སྔོན་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་སེར་ལམ་ལམ་ངང་གང་སར་སྟོན་གྱི་ཁ་དོག་པུར་གྱིས་བཞེངས་འདྲའི་རང་མདངས་མངོན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་དུ་ཡང་དམིགས་བསལ་ཁྱད་ཆོས་ལྡན་ཞིང་དྲ་ལམ་སྒང་ན་སྙན་པ་མཐོ་བའི་མཛེས་ལྗོངས་ཤིག་ཡོད་དེ། འཇུ་ལག་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་རི་ཀླུང་ཀུན་ཏུ་ནགས་ཚལ་གྱིས་ཁེངས་ཤིང་ག་ས་གང་དུ་གསེར་མདོག་གི་སྟོན་ལྗོངས་ཀྱིས་བརྒྱན་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཅིང་གནས་མཆོག་འདིའི་སྟོན་དུས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注