ཁྲིན་ཝུན་ཆིན་སྤྱི་ཚོགས་བདེ་འགོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུར་ཞུག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཚེས29ཉིན་ནས་ཚེས30ཉིན་བར་སྤྱི་ཚོགས་བདེ་འགོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྟེན་གཙོ་བོ་ཡིན་པས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རེ་འདུན་ཚང་མ་བསྒྲུབ་མཁན་ཡོད་ལ་ཁྲིམས་ལྟར་བསྒྲུབ་པར་ཁག་ཐེག་བྱེད་དགོས།

ཁྲིན་ཝུན་ཆིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བྱ་བར་མཐོང་ཆེན་ཚད་མེད་གནང་ཞིང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གནང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པའི་དུས་རིམ་གསར་བར་སླེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དེ་གཙོ་གནད་དུ་བརྩིས་ནས། ཏང་གི་མགོ་ཁྲིད་ཀྱི་ཆབ་སྲིད་དགེ་མཚན་འདོན་སྤེལ་བྱེད་ལ། གནས་ཡུལ་བཀོད་སྒྲིག་དང་སྡེ་ཁག་ནང་འཇུག འཁོར་རྒྱུག་རྐྱེན་སྲོལ། ལྟ་སྐུལ་སྤྱི་འདོམས་དོན་འཁྱོལ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་ཕྱོགས་ལྔ་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་སྟེ། བྱང་བུ་ཡོད་ལ་གནས་ཡུལ་ཡོད་པ། སྟོབས་ཤུགས་ཡོད་ལ་རྐྱེན་སྲོལ་ཡོད་པ་དང་། ཕན་འབྲས་ཡོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ས་ཚིགས་གཅིག་ཅན་གྱིས་མི་དམངས་མང་ཚོགས་ཀྱི་འདོད་བློ་བསྐང་སྟེ། མི་དམངས་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར་གནས་གཅིག་ལ་མ་གཏོགས་འགྲོ་མི་དགོས་པར་བྱེད་དགོས།

ཁྲིན་ཝུན་ཆིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་བསྡུས་བྱེད་པ་ལ། སྟབས་བདེ་དང་ནུས་མཐོ་སྒོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཐབས་ལམ་མང་པོ་དང་བྱེད་ཐབས་མང་པོ་བརྒྱུད་དེ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་དགོས། ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་པ་དང་། འདུམ་འགྲིག་དང་འདུམ་གཅོད། སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་བསྐྱར་གྲོས། ཞུ་གཏུག ཁྲིམས་ལུགས་ལྟ་སྐུལ་སོགས་ཁྲིམས་ལུགས་ཀྱི་བྱེད་ཐབས་སྤྱད་དེ། ཁྲིམས་སྐྱོང་བགྲོད་ལམ་སྟེང་འགལ་བ་དུས་ལྟར་ཐག་གཅོད་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་བྱེད་དགོས།

ཚོགས་འདུ་འཚོགས་སྐབས། ཁྲིན་ཝུན་ཆིན་དང་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཡུལ་དངོས་སུ་ཞཱ་མོན་གྲོང་ཁྱེར་དང་ཀྲང་ཀྲུའུ་གྲོང་ཁྱེར་གྱི་གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འཁོར་རྒྱུག་གནས་ཚུལ་ལ་ཞིབ་ལྟ་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号