ལོ་སྟོད་ལ་རྒྱལ་ནང་གི་ཡུལ་སྐོར་པ་མི་ཐེངས་དུང་ཕྱུར27.25ལ་སླེབས་པ།

ཚེས26ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས2024ལོའི་ལོ་སྟོད་ཀྱི་རྒྱལ་ནང་ཡུལ་སྐོར་གཞི་གྲངས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ནང་གི་ཡུལ་སྐོར་དཔེ་འཐེན་བརྟག་དཔྱད་བསྡོམས་རྩིས་བྱས་འབྲས་ལ་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར27.25ཟིན་པ་དེ་དུས་མཉམ་ལས14.3%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བའི་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི2.73ཟིན་པ་དེ་དུས་མཉམ་ལས19.0%འཕར་ཡོད།

གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རྒྱལ་ནང་དུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར20.87ཟིན་པ་དེ་དུས་མཉམ་ལས12.3%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་རྒྱལ་ནང་དུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར6.38ཟིན་པ་དེ་དུས་མཉམ་ལས21.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡུལ་སྐོར་འགྲོ་སོང་སྒོར་དུང་ཕྱུར་ཁྲི2.31ཟིན་པ་དེ་དུས་མཉམ་ལས16.8%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིས་ཡུལ་སྐོར་ཐད་འགྲོ་སོང་སྒོར་དུང་ཕྱུར་ཁྲི0.42བཏང་བ་དེ་དུས་མཉམ་ལས32.6%འཕར་ཡོད།

དུས་ཚིགས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོར་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར14.19ཟིན་པ་དེ་དུས་མཉམ་ལས16.7%འཕར་བ་དང་། དུས་ཚིགས་གཉིས་པར་རྒྱལ་ནང་དུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར13.06ཟིན་པ་དེ་དུས་མཉམ་ལས11.8%འཕར་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号