ཨུ་ཡོན་སྒྲོལ་དཀར་གྱིས་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས་ནས་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་མཉམ་དུ་བསྐྲུན་དགོས་ཞེས་བཤད།

 “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཁྲི364སྤོབས་སེམས་ཀྱིས་ཁེངས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་ཁུལ་དང་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་འགུལ་སྐྱོད་ཀྱི་དཔེ་སྟོན་ཁུལ་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་མཉམ་དུ་སྐྱོད་བཞིན་ཡོད”ཅེས་ཟླ3པའི་ཚེས9ཉིན་བསྡུས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག སྲིད་གྲོས་ཨུ་ཡོན་སྒྲོལ་དཀར་གྱིསཏང་གི་བཀའ་དྲིན་སེམས་ལ་བརྟན་པོ་ངེས་ནས་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་མཉམ་དུ་བསྐྲུན་དགོསཞེས་པ་ཁ་བྱང་ཡིན་པའི་གཏམ་བཤད་གནང་། 

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྒྲོལ་དཀར་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བའི་རྣམ་པ་རེད།

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་སྒྲོལ་དཀར་གྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བའི་རྣམ་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བོད་ལྗོངས་ལ་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞི”གཏན་ཁེལ་བྱས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ཆགས་ཡོད། བོད་ལྗོངས་དམངས་གཉེར་དཔལ་འབྱོར་འཐབ་ས་ནས་ཡོང་བའི་བོད་རིགས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། སྒྲོལ་དཀར་ལ་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་བརྟན་པོར་འགྱུར་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་བརླིང་ཡར་འཕེལ། རིགས་སོ་སོའི་དཔལ་འབྱོར་བདེ་ཐང་དང་མགྱོགས་མྱུར་སྒོས་འཕེལ་རྒྱས། ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་མི་རིགས་སོ་སོའི་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་གཟུགས་པོ་མཐོང་ཐུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་བསྐྲུན་པའི་སྟོབས་ཤུགས་རྒྱུན་མཐུད་རྒྱ་ཆེར་ཕྱིན་ཡོད་པའི་ཚོར་བ་ཟབ་མོ་སྐྱེས་ཡོད།

སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་རྒྱུན་མཐུད་རྒྱ་ཆེར་འགྲོ་བ་དང་། འཕེལ་རྒྱས་གསོན་ཤུགས་རྒྱུན་མཐུད་འཕེལ་བ། སྤྱི་ཚོགས་ཀྱི་བྱས་རྗེས་རྒྱུན་མཐུན་ཇེ་མཐོ་བཅས་སུ་ཕྱིན་ཏེ། ལྗོངས་ཡོངས་ཀྱིGDPཡི35%ཡན་དང་ཁྲལ་བསྡུའི་ཡོང་འབབ་ཀྱི80%ཡན། ལས་ཞུགས་ཐུབ་ཚད80%ཡན། དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བདག་གཉེར་མཁན་གྱི་བསྡུར་ཚད90%ཡན་བཅས་སུ་ཟིན་ནས། བོད་ལྗོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔུང་དང་ཕྱོགས་སྒྱུར་རིམ་སྤོར་གྱི་རུ་སྣེ་འདྲེན་མཁན། ལས་གཏོད་གསར་གཏོད་ཀྱི་གཡུལ་ས་གཙོ་བོ། ཐུན་མོང་འབྱོར་ཕྱུག་གི་སྔོན་སྐྱོད་ལྡིང་ཤོག་བཅས་སུ་གྱུར་ཡོད།

ཁོ་མོས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཇེ་ལེགས་ཇེ་རྒྱས་དང་འཕེལ་རྒྱས་རྒྱ་སྐྱེད། བྱས་རྗེས་སྔར་ལས་མང་པོ་འཇོག་པར་ཡིད་ཆེས་དང་ངར་ཤུགས་ཆེན་པོ་ཡོད་ཅེས་སྙམ། རྒྱལ་ཁབ་ཀྱིས་བོད་ལྗོངས་དམངས་གཉེར་ཁེ་ལས་ཀྱི་དཔལ་འབྱོར་ནུས་པ་འདོན་སྤེལ་གང་ལེགས་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱིས་སྲིད་ཇུས་བསམ་འཆར་དང་། ལས་རིགས་རང་གཅུན། ཁེ་ལས་དབང་སྲུང་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་འདེད་དང་། དམངས་གཉེར་ཁེ་ལས་ཀྱི་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་སྐྱེད་དུ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ། བོད་ལྗོངས་ཀྱི་ཉེ་འཁོར་ཞིང་ཆེན་དབར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་བསྣན་ནས་ས་ཁོངས་དཔལ་འབྱོར་གཅིག་དྲིལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

དེ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པའི་ཐད། རྒྱལ་ཁབ་ཀྱིས་ཤེས་ལྡན་མི་སྣ་དང་ལག་རྩལ། རྣམ་གྲངས། མ་དངུལ་། བོད་སྐྱོར་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ལེགས་པོ་སྒྲུབ་པར་སྔར་ལས་རོགས་རམ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཡི“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་པ་ལྟ་བུ་ཡིན”“མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་སར་བཏོད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་དོན་ཐོག་ཏུ་འཁྱོལ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པའི་གྲོས་འགོ་བཏོན་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号