ཨ་རིར་རྒོལ་ལན་བསློག་པའི་བྱ་ཐབས་འདི་སྤྱོད་རྒྱུ་རེད། 

ཡོ་རོབ་མནའ་འབྲེལ་གྱི་ཡིག་ཆ་ཞིག་ལས། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་ནང་འདྲེན་ཚོང་ཟོག་རབ་དང་རིམ་པར་སྒོ་ཁྲལ25%བསྡུ་རྒྱུའི་གྲོས་འགོ་བཏོན་པ་དང་། སྒོ་ཁྲལ་གྱི་འཆར་གཞི་དེ་ཟླ5པའི་ཚེས16ཉིན་ནས་བཟུང་གོ་ཆོད་རྒྱུ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་ཨ་རག་པོ་ཕང་ཝེ་ཧྲི་ཅི་དེ་སྒོ་ཁྲལ་བསྡུ་རྩིས་ཡོད་པའི་ཚོང་ཟོག་གི་རྩིས་ཐོའི་ནང་ནས་ཕུད་པ་རེད།

ཚེས7ཉིན་གྱི་སྔ་ཙམ་ལ། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་ཨུ་ཡོན་ཞེ་ཧྥུ་ཆའོ་ཝེ་ཆིས་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིར་སྒོ་ཁྲལ་ཁག་དང་པོ་བསྡུ་རྒྱུའི་འཆར་གཞི་དེ་ཟླ4པའི་ཚེས15ཉིན་ནས་འགོ་འཛུགས་རྒྱུ་དང་། སྒོ་ཁྲལ་ཁག་གཉིས་པ་བསྡུ་རྒྱུའི་འཆར་གཞི་དེ་ཟླ5པའི་ཚེས15ཉིན་ནས་འགོ་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད། ཞེ་ཧྥུ་ཆའོ་ཝེ་ཆིས་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཟླ4པའི་ཚེས9ཉིན་ཨ་རིའི་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱོད་རྒྱུར་དམིགས་ནས། འདེམས་ཤོག་འཕངས་ཏེ་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཚེ། ཡོ་རོབ་མནའ་འབྲེལ་གྱིས་ཨ་རིར་སྒོ་ཁྲལ་ཁག་གཉིས་སོ་སོར་ཟླ4པའི་ཚེས15ཉིན་དང་ཟླ5པའི་ཚེས15ཉིན་བསྡུ་འགོ་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号