དབྱི་སི་རལ་གྱི་ཙུང་ལི་ཡིས་དུས་རིམ་རྗེས་མའི་གྲོས་མོལ་བྱས་ཆོག་ཀྱང་ཧཱ་མཱ་སི་ཡིས་ངེས་པར་དུ་མཚོན་ཆ་བསྐྱུར་དགོས་པའི་ཚུལ་བསྟན།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས30ཉིན་སྲིད་གཞུང་གི་གྲོས་ཚོགས་སྟེང་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་རྗེས་མའི་གྲོས་མོལ་ལ་གྲ་སྒྲིག་བྱས་ཡོད་ཀྱང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ངེས་པར་དུ་མཚོན་ཆ་བསྐྱུར་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཧཱ་མཱ་སི་ཡིས་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་གྲོས་མོལ་མགོ་རྩོམ་པར་གྲ་སྒྲིག་བྱས་མེད་པའི་ཚུལ་བསྟན་པ་དང་། དེ་དོན་དངོས་མིན་ལ། ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། ཡིན་ཡང་གྲོས་མོལ་མངོན་འགྱུར་བྱེད་ན་ཧཱ་མཱ་སི་ཡིས་མཚོན་ཆ་བསྐྱུར་དགོས་པ་དང་། དབྱི་སི་རལ་གྱིས་ཧཱ་མཱ་སིའི་མགོ་ཁྲིད་པ་དག་ཅཱ་ཧྲ་ས་ཁུལ་དང་འབྲལ་དུ་འཇུག་རྒྱུ་ཡིན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་སྤྱིའི་བདེ་འཇགས་ལ་འགན་ཁུར་རྒྱུ་མ་ཟད། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་བཏོན་པའི་རང་མོས་ལྟར་གནས་སྤོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། དེའི་རྨང་གཞིའི་སྟེང་དབྱི་སི་རལ་གྱིས་དུས་ངེས་མེད་དུ་དུས་རིམ་གཉིས་པའི་གྲོས་མོལ་མགོ་རྩོམ་པར་གྲ་སྒྲིག་བྱས་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་ནུས་པ་གལ་ཆེན་འདོན་བཞིན་ཡོད་དེ། ཕྱོགས་གཅིག་ནས་ཧཱ་མཱ་སིའི་དམག་དོན་དང་བཅོས་སྐྱོང་ནུས་པར་གཏོར་བརླག་གཏོང་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བར་ཆ་རྐྱེན་བསྐྲུན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། དྲག་ཤུགས་འོག་གྲོས་མོལ་བྱས་ན་ཕན་ནུས་ཐོན་ཐུབ་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号