ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་ཚུགས་པ།

པེ་ཅིང་གི་དུས་ཚོད་ཟླ7པའི་ཚེས27ཉིན་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས33པའི་འགོ་ཚུགས་མཛད་སྒོ་དེ་ཧྥ་རན་སེའི་ཕ་རི་སི་རུ་འཚོགས་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།

2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནི་ཧྥ་རན་སེའི་ཕ་རི་སིས1900ལོ་དང1924ལོའི་རྗེས། ལོ་ངོ100སོང་རྗེས་སླར་ཡང་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། ཧྥ་རན་སིའི་ལོ་རྒྱུས་ཐོག་དབྱར་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཐེངས་གསུམ་པ་དེ་ཡང་ཡིན།

ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ལུས་རྩལ་ཐང་དུ་མ་གཉེར་བའི་འགོ་ཚུགས་མཛད་སྒོ་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་ཁག་གི་ལུས་རྩལ་པ་རྣམས་གྲུ་གཟིངས་ལ་བསྡད་དེ་སའེ་ནཱ་ཆུ་བོ་བརྒྱུད་ཅིང་། ལམ་བར་དུ་ཕ་རི་སིའི་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད་བརྒྱུད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号