མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་བསྡུས།
ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་བསྟན་དོན། ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་བསྡུས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་མཐུན་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཁྲིམས་རྩོད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་ཞི་ཅིན་ཕིང་གི་ཁྲིམས་རྩོད་བྱ་བ་དང་འབྲེལ་བ་ཡོད་པའི་དགོངས་པ་གལ་ཆེན་ལ་རྒྱུན་མཐུད་གཏིང་ཟབ་ངང་སློབ་སྦྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱ་ཆེའི་ཁྲིམས་རྩོད་པས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་བཀུར་བྱེད་པ་ལས་གཉེར་གྱི་རྨང་གཞིའི་རེ་བར་བརྩིས་ཏེ། ཆབ་སྲིད་ཀྱི་ཐད་ནས་ཁྲིམས་རྩོད་པའི་དཔུང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་བྱ་བ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་དང་རྒྱུས་ལོན་ལ་བརྟེན་ནས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་དོ་སྣང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ངོ་བོ་གཏན་འཁེལ་བྱེད་དགོས། ཁྲིམས་རྩོད་པའི་དཔུང་སྡེ་འཛུགས་སྐྲུན་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་དགོས།
ཚོགས་འདུ་ལས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཁྲིམས་རྩོད་བྱ་བར་ཚད་མཐོའི་གཙིགས་ཆེན་བྱེད་པ་དང་། རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་པ་དང་། ཁྲིམས་རྩོད་པའི་བྱ་བར་ནུས་ལྡན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་རྩོད་པའི་ལས་གཉེར་ཁེ་དབང་ལ་འགན་སྲུང་བྱས་ཏེ། ཁྲིམས་རྩོད་པའི་བྱ་བ་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བསྐྲུན་དགོས་ལ། རིམ་པ་སོ་སོའི་ཁྲིམས་རྩོད་མཐུན་ཚོགས་ཀྱིས་འགན་འཁྲི་དང་དུ་བླངས་ནས། ཁྲིམས་རྩོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ཁྲིམས་རྩོད་པའི་ལས་རིགས་དོ་དམ་ལ་ཤུགས་བསྣན་ནས། ལས་གཉེར་ཁོར་ཡུག་སྔར་མེད་ལེགས་སྒྱུར་བྱས་ཏེ། ལས་རིགས་ཀྱི་སྣང་བརྙན་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་ལས་གཉེར་དུས་ཡུན་ལོ25ལོན་པའི་ཁྲིམས་རྩོད་པའི་མིང་ཐོ་སྒྲོག་འདོན་བྱས་པ་དང་དྲན་གསོའི་གཟིགས་རྟེན་ཕུལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注