«སྦྲང་ཆར»དུས་དེབ་ལ2024ལོའི་ཞིང་ཆེན་ཡོངས་ཀྱི་དུས་དེབ་ཞུ་དག་སྤུས་ཀའི་ཞིབ་བཤེར་ཁྲོད་ཕུལ་བྱུང་གཟེངས་རྟགས་ཐོབ། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས། རང་ཞིང་གི་དུས་དེབ་རྩོམ་སྒྲིག་ཁང་སོ་སོར་བདམས་ཆོས་ཇུས་འགོད་ལ་ཤུགས་སྣོན་གཏོང་བར་སྣེ་ཁྲིད་དང་། དུས་དེབ་ཀྱི་ཞུ་དག་སྤུས་ཀ་མཐོར་འདེགས་ཡོང་བར་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་སུ་དུས་དེབ་ལྔ་བཅུ་ལྷག་ཡོད་པ་ལས། དུས་དེབ28བསལ་བདམས་བགྱིས་ཏེ་ཞུ་དག་སྤུས་ཀར་ཟུར་བཤེར་བྱས། 2023ལོའི«སྦྲང་ཆར»དེབ་བཞི་པའང་ཞུ་དག་སྤུས་ཀའི་ཟུར་བཤེར་གྲས་སུ་ཚུད་དེ། ཆེད་མཁས་པ་རྣམ་པས་ཐོག་ཞུས་དང་བར་ཞུས། མཐའ་ཞུས་བཅས་ཀྱི་གོ་རིམ་བརྒྱུད། «སྦྲང་ཆར»དུས་དེབ་ལ2024ལོའི་ཞིང་ཆེན་ཡོངས་ཀྱི་དུས་དེབ་ཟུར་བཤེར་ཞུ་དག་སྤུས་ཀའི་ཁྲོད་ཨང་དང་པོ་ཐོབ།

«སྦྲང་ཆར»རྩོམ་སྒྲིག་ཁང་གིས་ཀྱང་ཐོག་མཐའ་བར་གསུམ་དུ་གཟབ་ནན་ངང«དུས་དེབ་པར་སྐྲུན་དོ་དམ་གཏན་འབེབས»དོན་འཁྱོལ་སྒོས། ཁ་ཕྱོགས་ནི་སྲོག་ཤིང་དང་བརྗོད་བྱ་སྙིང་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ནན་ཏན་གྱིས“རྩོམ་ཞུས་ཐེངས་གསུམ་དང་ཞུ་དག་ཐེངས་གསུམ”གྱི་སྒྲིག་ལམ་ལག་བསྟར་བྱས་ལ། ཐོག་ཞུས་ནི་འགན་འཁུར་པ་ཨང་དང་པོ་སྟེ། དེས་རྩོམ་ཡིག་གི་ནང་དོན་དང་ཞུ་དག་གི་ཕྱོགས་ལ་འགན་འཁུར་དགོས་པ་དང་། བར་ཞུས་ནི་རྩོམ་སྒྲིག་གོ་རིམ་ཁྲོད་འགན་འཁུར་པ་ཨང་གཉིས་པ་ཡིན་ལ། དེས་ཆབ་སྲིད་ཀྱི་འདུ་ཤེས་དང་། འོས་འགན་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ལྡན་པའི་སྒོ་ནས། རྩོམ་ཡིག་རེ་རེའི་བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ངེས་པར་བྱས་ཏེ། འགག་སྒོ་གཉིས་པ་དམ་སྲུང་བྱ་དགོས། མཐའ་ཞུས་ནི་པར་སྐྲུན་གྱི་ཆེས་མཐའ་མའི་འགག་སྒོ་སྟེ། དེས་གཟབ་ནན་ངང་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ཁ་ཕྱོགས་དང་། རྩོམ་ཡིག་གི་ལེགས་ཉེས་ཤན་འབྱེད། གླེང་ཕྱོགས་ཁྲིད་སྟོན་སོགས་གཙོ་བོར་བཟུང་ནས། དུས་དེབ་སྟེང་སྤེལ་བའི་རྩོམ་ཡིག་རེ་རེ་ཀློག་མཁན་གྱི་མོས་པ་དང་འཚམ་པར་བྱ་དགོས།

དེའི་མཚུངས་སུ་རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་ཞུ་དག་གི་གོ་རིམ་ཁྲོད། ཅི་ནུས་ཀྱིས་མིང་བརྡ་དང་ཐ་སྙད་རེ་རེ་ཁུངས་བཙུན་མིང་མཛོད་དང་ཚིག་མཛོད་དག་ལ་བསྟུན་པ་དང་། ཚིག་སྦྱོར་དང་ཐོབ་ཐང་ཡང་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པར་བྱས་ཏེ། “ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ”ཞེས་གསུངས་པ་ལྟར། ཞུ་དག་ནི་གལ་བོ་ཆེ་རུ་བཟུང་སྟེ། མ་ཕྱི་རེ་རེ་བཞིན་རྩོམ་སྒྲིག་པ་ཕན་ཚུན་བར་བརྗེ་རེས་དང་། རེས་སྐོར་གྱིས་ཐེངས་བརྒྱད་ལ་བལྟས་ཏེ། ནན་ནན་ཏིག་ཏིག་གིས་ཞུ་དག་གི་ལས་ལ་བརྩོན་པ་ལྷུར་ལེན་བྱས།

སླད་མའི་ཆར། «སྦྲང་ཆར»རྩོམ་སྒྲིག་ཁང་གིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡི་ཡང་དག་པའི་མགོ་ཁྲིད་འོག རྩོམ་ཡིག་གི་སྤུས་ཀ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་། རྩོམ་རིག་གི་སྒྱུ་རྩལ་འཚོལ་སྙེག་དམ་འཛིན། རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ལ་སྣེ་ཁྲིད་དང་མཐུན་སྒྲིལ་སྒོས། དུས་རབས་གསར་བ་མངོན་པར་མཚོན་ཏེ། རྒྱ་ཆེའི་ཀློག་མཁན་རྣམས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འབུལ་བའི་གཡར་དམ་བརྟན་པོ་བཅས་ཡོད།

ཞེས«སྦྲང་ཆར»རྩོམ་སྒྲིག་ཁང་གིས།
2024ལོའི་ཟླ4པའི་ཚེས15ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号