ཏེན་ཞུའོ་ཞང་གིས་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལཱ་ཀི་ཆི་ལ་མཇལ་འཕྲད་གནང།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའོ་ཞང་གིས་ཚེས23ཉིན་པེ་ཅིང་དུ་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལཱ་ཀི་ཆི་ལ་མཇལ་འཕྲད་གནང།

ཟླ4ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའོ་ཞང་གིས་པེ་ཅིང་དུ་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལཱ་ཀི་ཆི་ལ་མཇལ་འཕྲད་གནང།

ཏེན་ཞུའོ་ཞང་གིས་བསྟན་དོན། ཀྲུང་དབྱི་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ལྡན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ན་ནིང་གི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕེ་ཙི་ཞི་ཆི་དབྱང་གིས་མཇལ་འཕྲད་གནང་ནས་ཀྲུང་དབྱིའི་འབྲེལ་བའི་འཕེལ་རྒྱས་ཐད་འཐབ་ཇུས་ཁྲིད་སྟོན་འདོན་སྤྲོད་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པ་དང། མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

ཨ་ལཱ་ཀི་ཆི་ཡིས་བསྟན་དོན། དབྱི་ལང་དང་ཀྲུང་གོའི་མཛའ་བརྩེ་ཡུན་རིང་སྲ་བརྟན་ཡིན་པ་དང་། དབྱི་ལིང་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་གཙོ་འཛིན་བར་གྱི་ཕྱི་འབྲེལ་ཁྲིད་སྟོན་དུ་འཛིན་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་གི་ཁེ་ཕན་ལ་སྔར་ལས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号