ཨ་རིའི་དམག་འཐབ་གནམ་གྲུ་ཞིག་འཇར་པན་གྱི་སན་ཙེ་གནམ་གྲུ་ཐང་ནས་མེ་ལ་འབར།
འཇར་པན་གྱི་འགོག་སྲུང་ཞིང་ཆེན་བྱང་ཤར་འགོག་སྲུང་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ས་དེའི་དུས་ཚོད་ཚེས29ཉིན་གྱི་སྔ་དྲོའི་དུས་ཚོད9པ་ཙམ་དུ། ཨ་རིའི་དམག་གིF/A-18དམག་འཐབ་གནམ་གྲུ་ཞིག་འཇར་པན་གྱི་ཆིན་སིན་རྫོང་གི་སན་ཙེ་གནམ་ཐང་དུ་བབས་རྗེས་མེ་ལ་ཤོར་བ་རེད། མེ་ཆེན་བསད་ཚར་རྗེས་མི་སྣར་ཤི་རྨས་བྱུང་མི་འདུག
དམག་འཐབ་གནམ་གྲུ་དེར་མེ་ཤོར་བའི་དབང་གིས་སན་ཙེ་གནམ་ཐང་གི་རྒྱུག་ལམ་གནས་སྐབས་སུ་སྒོ་བརྒྱབ་པ་དང་། སྔོན་ལ་གཏན་འཁེལ་བྱས་པའི་གནམ་ཐང་དེར་འཕུར་རྒྱུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་འཕུར་ཡུལ་བསྒྱུར་བ་དང་། ད་དུང་གནས་སྐབས་སུ་ཚོང་ལས་ཀྱི་དུས་གཏན་གནམ་གྲུ་གཅིག་གཏོང་མཚམས་བཞག
དོན་རྐྱེན་དེའི་འབྱུང་རྐྱེན་ལ་མིག་སྔར་ད་དུང་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注