རླངས་འཁོར་གཞན་ལ་གཡར་རྗེས་འགྲིམ་འགྲུལ་དོན་རྐྱེན་བྱུང་ན་འཁོར་བདག་གིས་འགན་འཁུར་དགོས་སམ།
གྱོད་དཔེ།འབྲུག་བྱམས་དང་ཐར་ལོ་གཉིས་གྲོགས་པོ་བཟང་པོ་ཡིན། ལྔ་གཅིག་གུང་གསེང་གི་སྐབས་སུ་ཐར་ལོས་སྒེར་འཁོར་བསྐོར་ནས་ཡུལ་སྐོར་དུ་འགྲོ་བསམས་ཏེ་འབྲུག་བྱམས་ཀྱི་རླངས་འཁོར་གཡར(རླངས་འཁོར་དེར་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད)། ཐར་ལོ་ཕྱིར་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཕ་རོལ་བའི་རླངས་འཁོར་ལ་གནོད་སྐྱོན་ཚབས་ཆེན་བཟོས། འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱས་པ་བརྒྱུད། དོན་རྐྱེན་གྱི་འགན་འཁྲི་ཡོངས་རྫོགས་ཐར་ལོའི་ཕྱོགས་ཀྱིས་འཁུར་དགོས། དེ་ལྟར་ན་དོན་རྐྱེན་གྱིས་བཟོས་པའི་གྱོང་གསབ་འགན་འཁྲི་དེ་འཁོར་བདག་འབྲུག་བྱམས་དང་དངོས་སུ་བཀོལ་སྤྱོད་མཁན་ཐར་ལོ་གཉིས་ལས་སུས་འཁུར་དགོས་སམ།གྱོད་དོན་དབྱེ་ཞིབ།གྱོད་དོན་འདི་ནི་འཕྲུལ་སྒུལ་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་འགན་འཁྲིའི་གནད་དོན་དང་འབྲེལ་ཡོད། གྱོད་དོན་འདིའི་ནང་དུ། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་འབྲུག་བྱམས་ཀྱིས་རླངས་འཁོར་ཐར་ལོར་གཡར་བ་དང་། ཐར་ལོས་རླངས་འཁོར་བཀོལ་སྤྱོད་བྱེད་སྐབས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཡིན་པས། དོན་རྐྱེན་གྱི་འགན་འཁྲི་ཡོངས་རྫོགས་འཁུར་དགོས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གཞན་གྱི་རླངས་འཁོར་གཡར་ནས་བསྐོར་སྐབས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་འགན་འཁྲིར་གཏོགས་ཚེ། དངོས་སུ་བཀོལ་སྤྱོད་མཁན་གྱིས་འགན་འཁུར་དགོས། དེའི་ཕྱིར་གྱོད་དོན་འདིའི་ནང་གི་ཐར་ལོས་འགན་འཁུར་དགོས་པ་རེད། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོར་ནོར་འཛོལ་ཡོད་པ་སྟེ། དཔེར་ན་ཕ་རོལ་བར་རླངས་འཁོར་ཁ་ལོ་པའི་འཛིན་ཡིག་མེད་པ་ཤེས་བཞིན་དུ་རླངས་འཁོར་གཡར་བ་ལྟ་བུ་ཡིན་ན་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོས་འགན་འཁུར་དགོས། མཉམ་འཇོག་རྒྱུ་ཞིག་ལ། རླངས་འཁོར་དེར་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད་པས། རླངས་འཁོར་དེའི་འགྲིམ་འགྲུལ་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོ་མཁན་ལ་ཉེན་སྲུང་དངུལ་གཏོང་སྤྲོད་བྱེད་པའི་འོས་འགན་དེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་བཀོལ་སྤྱོད་མཁན་གཉིས་མི་སོ་སོ་ཡིན་པ་ལས་ཤུགས་རྐྱེན་མི་ཐེབས་ལ། ཉེན་སྲུང་མཁན་གྱིས་གོ་རིམ་ལྟར་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཚོང་ལས་ཉེན་སྲུང་གིས་གནོད་སྐྱོན་གྱི་གུན་གསབ་སྤྲོད་རྒྱུ་མི་འདང་བའི་སྐབས་སུ། ད་གཟོད་འཕྲུལ་སྒུལ་རླངས་འཁོར་གྱི་བཀོལ་སྤྱོད་མཁན་ཐར་ལོས་འགན་འཁུར་དགོས།འབྲེལ་ཡོད་ཁྲིམས་ཚན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1209པ། རླངས་འཁོར་གླས་པ་དང་གཡར་བ་སོགས་ཀྱི་སྣང་ཚུལ་འོག་བདག་པོ་དང་དོ་དམ་པ། བཀོལ་སྤྱོད་མཁན་སོགས་མི་གཅིག་མིན་པའི་སྐབས་སུ། འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་གནོད་སྐྱོན་བཟོས་པའི་འགན་འཁྲི་དེ་འཕྲུལ་སྒུལ་རླངས་འཁོར་ཕྱོགས་སུ་གཏོགས་ཚེ། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་གྱོང་གསབ་འགན་འཁྲི་འཁུར་དགོས། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བཟོས་པའི་ཐད་ནོར་འཛོལ་ཡོད་ཚེ། དེ་མཐུན་གྱི་གྱོང་གསབ་འགན་འཁྲི་འཁུར་དགོས།ཁྲིམས་ཚན་ཞིབ་འགྲེལ།ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་འཕྲུལ་སྒུལ་རླངས་འཁོར་གླས་པ་དང་གཡར་བའི་རྗེས་སུ་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱེད་པའི་གནད་དོན་ཐད་ཀྱི་གཏན་འབེབས་རེད།རྩ་དོན་སྟེང་ནས་བཤད་ན། འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་ཡིན་ན། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་འགན་འཁྲི་འཁུར་བར་གོ་རིམ་ངེས་ཅན་ཞིག་ཡོད་དེ། ཐོག་མར་རླངས་འཁོར་དེར་འཕྲུལ་སྒུལ་རླངས་འཁོར་གྱི་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་གི་འགན་འཁུར་མཁན་གྱིས་དངུལ་གྲངས་ཚད་གཞིའི་ཁྱབ་ཁོངས་ནང་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། དེའི་རྗེས་སུ་རླངས་འཁོར་དེར་འཕྲུལ་སྒུལ་རླངས་འཁོར་གྱི་ཚོང་ལས་ཉེན་སྲུང་གི་འགན་འཁུར་མཁན་གྱིས་ཉེན་སྲུང་གན་རྒྱའི་ནང་གི་ཁ་ཆད་ལྟར་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། མཇུག་མཐར། ལྷག་འཕྲོའི་ཆ་ཤས་དེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོས་འགན་འཁུར་དགོས། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གླས་པ་དང་གཡར་བའི་རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པ། བཀོལ་སྤྱོད་མཁན་གསུམ་མི་གཅིག་མིན་པའི་གནས་ཚུལ་འོག མཇུག་མཐར་འགན་འཁྲི་འཁུར་དགོས་བྱུང་ན། འཕྲུལ་སྒུལ་རླངས་འཁོར་དེའི་བཀོལ་སྤྱོད་མཁན་གྱིས་འགན་འཁུར་དགོས།འཕྲུལ་སྒུལ་རླངས་འཁོར་གླས་པའམ་གཡར་བའི་རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་གནོད་སྐྱོན་བཟོས་པའི་འགན་འཁྲི་འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་ཡིན་ན། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་གྱོང་གསབ་འགན་འཁྲི་འཁུར་དགོས། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བྱུང་བའི་ཐད་ནོར་འཛོལ་ཡོད་ཚེ། དེ་མཐུན་གྱི་གྱོང་གསབ་འགན་འཁྲི་འཁུར་དགོས། གཤམ་གསལ་སྣང་ཚུལ་གྲས་ཀྱི་གཅིག་ཡོད་ན། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བྱུང་བའི་ཐད་ནོར་འཛོལ་ཡོད་པར་ངོས་འཛིན་པ་སྟེ། (1)འཕྲུལ་སྒུལ་རླངས་འཁོར་ལ་སྐྱོན་ཆ་ཡོད་པ་ཤེས་པའམ་ཡང་ན་ཤེས་འོས་ཤིང་། སྐྱོན་ཆ་དེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཅིག་ཡིན་པ། (2)ཁ་ལོ་པར་ཁ་ལོ་པའི་ཐོབ་ཐང་མེད་པ་དང་དེ་མཐུན་གྱི་ཁ་ལོ་པའི་ཐོབ་ཐང་བླངས་མེད་པ་ཤེས་པའམ་ཡང་ན་ཤེས་འོས་པ། (3)ཁ་ལོ་པས་ཆང་འཐུང་བ་དང་རྒྱལ་ཁབ་ཀྱིས་བཙན་སྡོམ་བྱས་པའི་དབང་རྩའི་སྨན་རྫས་སམ་ཡང་ན་སྦྲིད་སྨན་འཐུང་བ། ཡང་ན་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ངང་བསྐོར་བར་གནོད་པའི་ནད་གཞི་ཡོད་པ་སོགས་ཁྲིམས་ལྟར་འཕྲུལ་སྒུལ་རླངས་འཁོར་བསྐོར་མི་རུང་བ་ཤེས་པའམ་ཤེས་འོས་པ། (4)འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོའམ་ཡང་ན་དོ་དམ་པར་ནོར་འཛོལ་ཡོད་པ་ངོས་འཛིན་བྱེད་འོས་པའི་གནས་ཚུལ་གཞན་དག་བཅས་སོ།
གྱོད་དཔེ།
འབྲུག་བྱམས་དང་ཐར་ལོ་གཉིས་གྲོགས་པོ་བཟང་པོ་ཡིན། ལྔ་གཅིག་གུང་གསེང་གི་སྐབས་སུ་ཐར་ལོས་སྒེར་འཁོར་བསྐོར་ནས་ཡུལ་སྐོར་དུ་འགྲོ་བསམས་ཏེ་འབྲུག་བྱམས་ཀྱི་རླངས་འཁོར་གཡར(རླངས་འཁོར་དེར་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད)། ཐར་ལོ་ཕྱིར་ལོག་པའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཕ་རོལ་བའི་རླངས་འཁོར་ལ་གནོད་སྐྱོན་ཚབས་ཆེན་བཟོས། འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱས་པ་བརྒྱུད། དོན་རྐྱེན་གྱི་འགན་འཁྲི་ཡོངས་རྫོགས་ཐར་ལོའི་ཕྱོགས་ཀྱིས་འཁུར་དགོས། དེ་ལྟར་ན་དོན་རྐྱེན་གྱིས་བཟོས་པའི་གྱོང་གསབ་འགན་འཁྲི་དེ་འཁོར་བདག་འབྲུག་བྱམས་དང་དངོས་སུ་བཀོལ་སྤྱོད་མཁན་ཐར་ལོ་གཉིས་ལས་སུས་འཁུར་དགོས་སམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདི་ནི་འཕྲུལ་སྒུལ་རླངས་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་འགན་འཁྲིའི་གནད་དོན་དང་འབྲེལ་ཡོད། གྱོད་དོན་འདིའི་ནང་དུ། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་འབྲུག་བྱམས་ཀྱིས་རླངས་འཁོར་ཐར་ལོར་གཡར་བ་དང་། ཐར་ལོས་རླངས་འཁོར་བཀོལ་སྤྱོད་བྱེད་སྐབས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཡིན་པས། དོན་རྐྱེན་གྱི་འགན་འཁྲི་ཡོངས་རྫོགས་འཁུར་དགོས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གཞན་གྱི་རླངས་འཁོར་གཡར་ནས་བསྐོར་སྐབས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་དང་། འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་འགན་འཁྲིར་གཏོགས་ཚེ། དངོས་སུ་བཀོལ་སྤྱོད་མཁན་གྱིས་འགན་འཁུར་དགོས། དེའི་ཕྱིར་གྱོད་དོན་འདིའི་ནང་གི་ཐར་ལོས་འགན་འཁུར་དགོས་པ་རེད། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོར་ནོར་འཛོལ་ཡོད་པ་སྟེ། དཔེར་ན་ཕ་རོལ་བར་རླངས་འཁོར་ཁ་ལོ་པའི་འཛིན་ཡིག་མེད་པ་ཤེས་བཞིན་དུ་རླངས་འཁོར་གཡར་བ་ལྟ་བུ་ཡིན་ན་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོས་འགན་འཁུར་དགོས། མཉམ་འཇོག་རྒྱུ་ཞིག་ལ། རླངས་འཁོར་དེར་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད་པས། རླངས་འཁོར་དེའི་འགྲིམ་འགྲུལ་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོ་མཁན་ལ་ཉེན་སྲུང་དངུལ་གཏོང་སྤྲོད་བྱེད་པའི་འོས་འགན་དེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་བཀོལ་སྤྱོད་མཁན་གཉིས་མི་སོ་སོ་ཡིན་པ་ལས་ཤུགས་རྐྱེན་མི་ཐེབས་ལ། ཉེན་སྲུང་མཁན་གྱིས་གོ་རིམ་ལྟར་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཚོང་ལས་ཉེན་སྲུང་གིས་གནོད་སྐྱོན་གྱི་གུན་གསབ་སྤྲོད་རྒྱུ་མི་འདང་བའི་སྐབས་སུ། ད་གཟོད་འཕྲུལ་སྒུལ་རླངས་འཁོར་གྱི་བཀོལ་སྤྱོད་མཁན་ཐར་ལོས་འགན་འཁུར་དགོས།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1209པ། རླངས་འཁོར་གླས་པ་དང་གཡར་བ་སོགས་ཀྱི་སྣང་ཚུལ་འོག་བདག་པོ་དང་དོ་དམ་པ། བཀོལ་སྤྱོད་མཁན་སོགས་མི་གཅིག་མིན་པའི་སྐབས་སུ། འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་གནོད་སྐྱོན་བཟོས་པའི་འགན་འཁྲི་དེ་འཕྲུལ་སྒུལ་རླངས་འཁོར་ཕྱོགས་སུ་གཏོགས་ཚེ། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་གྱོང་གསབ་འགན་འཁྲི་འཁུར་དགོས། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བཟོས་པའི་ཐད་ནོར་འཛོལ་ཡོད་ཚེ། དེ་མཐུན་གྱི་གྱོང་གསབ་འགན་འཁྲི་འཁུར་དགོས།
ཁྲིམས་ཚན་ཞིབ་འགྲེལ།
ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་འཕྲུལ་སྒུལ་རླངས་འཁོར་གླས་པ་དང་གཡར་བའི་རྗེས་སུ་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་ངོས་འཛིན་བྱེད་པའི་གནད་དོན་ཐད་ཀྱི་གཏན་འབེབས་རེད།
རྩ་དོན་སྟེང་ནས་བཤད་ན། འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་དང་ཕྱོགས་གསུམ་པའི་འགན་འཁྲིའི་ཚོང་ལས་ཉེན་སྲུང་ཉོས་ཡོད་པའི་འཕྲུལ་སྒུལ་རླངས་འཁོར་ཡིན་ན། འགྲིམ་འགྲུལ་དོན་རྐྱེན་བྱུང་རྗེས་འགན་འཁྲི་འཁུར་བར་གོ་རིམ་ངེས་ཅན་ཞིག་ཡོད་དེ། ཐོག་མར་རླངས་འཁོར་དེར་འཕྲུལ་སྒུལ་རླངས་འཁོར་གྱི་འགྲིམ་འགྲུལ་དོན་རྐྱེན་བཙན་སྐུལ་ཉེན་སྲུང་གི་འགན་འཁུར་མཁན་གྱིས་དངུལ་གྲངས་ཚད་གཞིའི་ཁྱབ་ཁོངས་ནང་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། དེའི་རྗེས་སུ་རླངས་འཁོར་དེར་འཕྲུལ་སྒུལ་རླངས་འཁོར་གྱི་ཚོང་ལས་ཉེན་སྲུང་གི་འགན་འཁུར་མཁན་གྱིས་ཉེན་སྲུང་གན་རྒྱའི་ནང་གི་ཁ་ཆད་ལྟར་གནོད་སྐྱོན་ཐེབས་མཁན་ལ་ཉེན་སྲུང་དངུལ་སྟེར་དགོས། མཇུག་མཐར། ལྷག་འཕྲོའི་ཆ་ཤས་དེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོས་འགན་འཁུར་དགོས། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གླས་པ་དང་གཡར་བའི་རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པ། བཀོལ་སྤྱོད་མཁན་གསུམ་མི་གཅིག་མིན་པའི་གནས་ཚུལ་འོག མཇུག་མཐར་འགན་འཁྲི་འཁུར་དགོས་བྱུང་ན། འཕྲུལ་སྒུལ་རླངས་འཁོར་དེའི་བཀོལ་སྤྱོད་མཁན་གྱིས་འགན་འཁུར་དགོས།
འཕྲུལ་སྒུལ་རླངས་འཁོར་གླས་པའམ་གཡར་བའི་རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་གནོད་སྐྱོན་བཟོས་པའི་འགན་འཁྲི་འཕྲུལ་སྒུལ་རླངས་འཁོར་ཕྱོགས་ཀྱི་ཡིན་ན། འཕྲུལ་སྒུལ་རླངས་འཁོར་བཀོལ་སྤྱོད་མཁན་གྱིས་གྱོང་གསབ་འགན་འཁྲི་འཁུར་དགོས། གལ་ཏེ་འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བྱུང་བའི་ཐད་ནོར་འཛོལ་ཡོད་ཚེ། དེ་མཐུན་གྱི་གྱོང་གསབ་འགན་འཁྲི་འཁུར་དགོས། གཤམ་གསལ་སྣང་ཚུལ་གྲས་ཀྱི་གཅིག་ཡོད་ན། འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གནོད་སྐྱོན་བྱུང་བའི་ཐད་ནོར་འཛོལ་ཡོད་པར་ངོས་འཛིན་པ་སྟེ། (1)འཕྲུལ་སྒུལ་རླངས་འཁོར་ལ་སྐྱོན་ཆ་ཡོད་པ་ཤེས་པའམ་ཡང་ན་ཤེས་འོས་ཤིང་། སྐྱོན་ཆ་དེ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གཅིག་ཡིན་པ། (2)ཁ་ལོ་པར་ཁ་ལོ་པའི་ཐོབ་ཐང་མེད་པ་དང་དེ་མཐུན་གྱི་ཁ་ལོ་པའི་ཐོབ་ཐང་བླངས་མེད་པ་ཤེས་པའམ་ཡང་ན་ཤེས་འོས་པ། (3)ཁ་ལོ་པས་ཆང་འཐུང་བ་དང་རྒྱལ་ཁབ་ཀྱིས་བཙན་སྡོམ་བྱས་པའི་དབང་རྩའི་སྨན་རྫས་སམ་ཡང་ན་སྦྲིད་སྨན་འཐུང་བ། ཡང་ན་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ངང་བསྐོར་བར་གནོད་པའི་ནད་གཞི་ཡོད་པ་སོགས་ཁྲིམས་ལྟར་འཕྲུལ་སྒུལ་རླངས་འཁོར་བསྐོར་མི་རུང་བ་ཤེས་པའམ་ཤེས་འོས་པ། (4)འཕྲུལ་སྒུལ་རླངས་འཁོར་གྱི་བདག་པོའམ་ཡང་ན་དོ་དམ་པར་ནོར་འཛོལ་ཡོད་པ་ངོས་འཛིན་བྱེད་འོས་པའི་གནས་ཚུལ་གཞན་དག་བཅས་སོ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注