2024ལོའི་ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་ཟླ8པའི་ཚེས28ཉིན་ནས་ཚེས29ཉིན་བར་འཚོག་རྒྱུ་རེད།

གསར་འགོད་པས་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2024ལོའི་ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་ཟླ8པའི་ཚེས28ཉིན་ནས་ཚེས29ཉིན་བར་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་རྒྱུ་རེད།ཚོགས་ཆེན་དེ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། བརྗོད་བྱ་གཙོ་བོ་ནི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་དང་མཉམ་དུ་དྲ་བའི་དཔལ་ཡོན་དར་སྤེལ་གཏོང་རྒྱུ་དེ་ཡིན།

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའམ་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན་ཝུན་གྱིས་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཚོགས་ཆེན་གྱིས་བརྗོད་བྱ་གཙོ་བོ་དང་ནང་དོན། རྣམ་པ་སོགས་ཕྱོགས་གང་ཅིའི་ཐད་ལ་ཇུས་འགོད་ཞིབ་ཚགས་བྱས་ཡོད། མགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ་ཕུད་པའི་དྲ་རྒྱའི་དཔལ་ཡོན་གསོ་སྐྱོང་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས། ལོ་ན་མ་སོན་པའི་སྐྱེ་བོའི་དྲ་སྦྲེལ་སྲུང་སྐྱོང་། དྲ་ཐོག་རིག་རྩལ་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་གསར་གཏོད་བྱ་རྒྱུ་མ་ཟད། མི་ཐབས་རིག་ནུས་དང་དྲ་རྒྱའི་ཁྲིམས་བསྟར་ལག་བརྟེན་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་གླེང་སྟེགས་ཁག་ཚང་མས་ཕྱོགས་ཡོངས་ནས་དྲ་རྒྱའི་དཔལ་ཡོན་འདུ་ཤེས་སྒྲོག་སྤེལ་དང་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད། ཚོགས་ཆེན་གྱི་གླེང་སྟེགས་གཙོ་བོས་ཐོག་མར་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕུལ་བྱུང་གྱོད་དཔེ་དང་། དྲ་རྒྱའི་དཔལ་ཡོན་ཁྱིམ་སྲོལ་གྱི་གྲོས་འགོ་སོགས་དང་། གླེང་སྟེགས་སོ་སོས་ཀྱང་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་ཤོས་སྐོར་ཞིག་སྒྲོག་སྤེལ་བྱས་ནས། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་ཉམས་མྱོང་དཔྱད་གཞིར་འདོན་སྤྲོད་བྱ་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号