མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཏུན4ཙམ་རྩད་ཆོད།

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས18ཉིན་གསལ་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་པེ་ནེ་མེད་ལཱ་ལེ་གྲོང་ཁྱེར་ནས་དུག་རྫས་ཏུན་གསུམ་དང་གྲངས་ཆུང་དགུ་དྲུག་རྩད་ཆོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་སྡེ་ཁག་བར་མཉམ་འབྲེལ་འགུལ་སྐྱོད་སྤེལ་སྐབས། ཉེན་རྟོག་ཕྱོགས་ཀྱིས་པེ་ནེ་མེད་ལཱ་ལེ་ནུབ་ངོས་ཀྱི་སྤྱི་ལེ་བཅུ་ཕྲག་འགའི་མཚམས་སུ་ཡོད་པའི་ཞིང་རའི་མཛོད་ཁང་ཞིག་ནས་དུག་རྫས་སྐོར་ཞིག་རྙེད་པ་དང་། དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས་པར་མ་ཟད་གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

མའོ་ལོ་ཀི་ནི་ཨ་ཧྥེ་རི་ཁ་གླིང་གི་ནུབ་བྱང་ཕྱོགས་སུ་གནས་པ་དང་། ས་དཀྱིལ་མཚོ་ཁོངས་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ། ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་གཅིག་ཏུ་སྦྲེལ་བའི་བཞི་མདོ་ལྟ་བུར་གནས་ཡོད། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་དུ་ཁྲིམས་འགལ་གྱིས་སོ་མ་ར་ཛ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མའོ་ལོ་ཀི་ཡིས་སོ་མཱ་ར་ཛ་དང་བཅས་པའི་དུག་རྫས་ཀྱི་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། 2023ལོར། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་དུག་རྫས་དང་འབྲེལ་བའི་གྱོད་དོན་འབུམ་གཅིག་ལྷག་ཐོ་འགོད་ཐག་གཅོད་བྱས་པ་དང་། དོགས་ཡོད་ཉེས་ཅན་འབུམ་གཅིག་དང་ཁྲི་གསུམ་འཛིན་བཟུང་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号