ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།

དོན་ཚན་ཉིས་བརྒྱ་དང་བཅོ་བརྒྱད་པ། ཁེ་དབང་བདག་པོ་དང་ཁེ་གྱོང་འབྲེལ་བ་ཡོད་མཁན་གྱིས་བརྟན་ནོར་ཐོ་འགོད་ཡིག་རིགས་འདྲི་རྩད་དང་བསྐྱར་དཔར་བྱེད་པའི་རེ་འདུན་ཞུས་ཆོག ཐོ་འགོད་ལས་ཁུངས་ཀྱིས་འདོན་སྤྲོད་བྱེད་དགོས།

དོན་ཚན་ཉིས་བརྒྱ་དང་བཅུ་དགུ་པ། ཁེ་གྱོང་འབྲེལ་བ་ཡོད་མཁན་གྱིས་ཁེ་དབང་བདག་པོའི་བརྟན་ནོར་ཐོ་འགོད་ཡིག་རིགས་ཕྱི་བསྒྲགས་དང་ཁྲིམས་དང་མི་མཐུན་པར་བེད་སྤྱོད་བྱེད་མི་ཆོག

དོན་ཚན་ཉིས་བརྒྱ་དང་ཉི་ཤུ་པ། ཁེ་དབང་བདག་པོ་དང་། ཁེ་གྱོང་འབྲེལ་བ་ཡོད་མཁན་གྱིས་བརྟན་ནོར་ཟིན་དེབ་སྟེང་བཀོད་པའི་དོན་ཚན་ལ་ནོར་འཁྲུལ་ཡོད་པར་འདོད་ཚེ། ཐོ་འགོད་ནོར་བཅོས་བྱེད་པའི་རེ་འདུན་ཞུས་ཆོག བརྟན་ནོར་ཟིན་དེབ་སྟེང་བཀོད་པ་དེ་ཁེ་དབང་བདག་པོས་ཡིག་ཐོག་ནས་ནོར་བཅོས་བྱེད་པར་མོས་མཐུན་བྱས་པའམ་ཐོ་འགོད་དོན་ཚན་ལ་དངོས་འབྲེལ་ནོར་འཁྲུལ་ཡོད་པ་ར་སྤྲོད་བྱེད་ཐུབ་པའི་བདེན་དཔང་ཡོད་ཚེ། ཐོ་འགོད་ལས་ཁུངས་ཀྱིས་ནོར་བཅོས་བྱེད་དགོས།

བརྟན་ནོར་ཟིན་དེབ་སྟེང་བཀོད་པ་དེ་ཁེ་དབང་བདག་པོས་ནོར་བཅོས་བྱེད་པར་མོས་མཐུན་མ་བྱས་ཚེ། ཁེ་གྱོང་འབྲེལ་བ་ཡོད་མཁན་གྱིས་བསམ་འཆར་མི་མཐུན་པ་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག ཐོ་འགོད་ལས་ཁུངས་ཀྱིས་བསམ་འཆར་མི་མཐུན་པ་ཐོ་འགོད་བྱས་པ་ཡིན་ན། རེ་འདུན་ཞུ་མཁན་གྱིས་བསམ་འཆར་མི་མཐུན་པ་ཐོ་འགོད་བྱས་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་ཚུན་དུ་ཞུ་གཏུག་མ་བྱས་ཚེ། བསམ་འཆར་མི་མཐུན་པའི་ཐོ་འགོད་ལ་ནུས་པ་ཤོར་བ་ཡིན། བསམ་འཆར་མི་མཐུན་པ་ཐོ་འགོད་བྱས་པ་དེ་འོས་མེད་ཡིན་པའི་རྐྱེན་གྱིས་ཁེ་དབང་བདག་པོར་གནོད་རྐྱེན་བཟོས་ཚེ། ཁེ་དབང་བདག་པོས་རེ་འདུན་ཞུ་མཁན་ལ་སྐྱིན་གསབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག

                                        (མུ་འགོད།)

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号