རླངས་འཁོར་བཙོངས་པའི་གཡོ་ཇུས།
ཉེས་གསོག2021ལོའི་ཟླ11པར། གྲང་རླུང་གིས་ཁུར་ཡོང་བའི་འགྱིག་ཤོག་སྣ་ཚོགས་རླངས་འཁོར་ལྷུ་ལག་ཚོང་རའི་མཁའ་དབྱིངས་སུ་འཁོར་ཞིང་། ཞའོ་ལི་ཡིས་བྱ་སྤུའི་དགུན་ལྭ་གྱོན་ཏེ་ལག་པ་གཉིས་མཆན་དུ་བཙུར་ནས་རླངས་འཁོར་ཞིག་ལས་མར་བབས། ཁོའི་ལག་ཏུ་རླངས་འཁོར་གྱི་ལྡེ་མིག་ཅིག་བཟུང་སྟེ་ལག་འཁྱེར་ཁ་པར་བླངས་ནས“ཡིད་ལ་དམ་པོར་ཟུངས། ཁྱོད་ཀྱིས་རླངས་འཁོར་གྱི་བདག་པོ་ཁྱོད་ཡིན་ལ། ཁྱོད་ཀྱི་ཕུ་བོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། འཕྲལ་དུ་སྒོར་མོ་མང་པོ་དགོས་ཕྱིར་རླངས་འཁོར་འདི་འཚོང་བཞིན་ཡོད་ཅེས་ཤོད“ཅེས་པའི་ཁ་བརྡའི་ཟིན་ཐོ་ལ་ཅེར་ནས་ཨེན་ཙམ་ལ་བསྡད། སྐབས་དེར་རླངས་འཁོར་ཉོ་བར་ཡོང་བའི་ལའོ་ལི་ཞའོ་ལི་ཡི་སྔུན་སར་སླེབས་བྱུང་། “འདི་ཁྱོད་ཀྱི་རླངས་འཁོར་ཡིན་ནམ“ ལའོ་ལི་ཡིས་ཞའོ་ལི་ལ་བལྟས་ཏེ། “འཚོང་བཞིན་པའི་རླངས་འཁོར་དེ་འདི་ཡིན་ནམ“ “རེད། རླངས་འཁོར་འདི་རེད། སྤྱི་ལེ་མང་པོར་བསྐོར་མེད་པས་ཧ་ཅང་གསར་པ་ཡིན། ངའི་ཕུ་བོ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྒོར་མོ་མང་པོ་དགོས་ཕྱིར……“ ཞའོ་ལི་ཡིས་ཨ་ལུང་གིས་བསླབ་པའི་སྐད་ཆ་ཚིག་གཅིག་ཀྱང་མ་ཆད་པར་བཤད་ཅིང་། དངངས་སྐྲག་སྐྱེ་བཞིན་ལུས་ཡོངས་སྦྲིད་ནས་ཡོད། “རླངས་འཁོར་འདིའི་ཡི་གེ་ཚང་མ་འདི་ན་ཡོད། ཁྱོད་ཀྱིས་ལྟོས་དང...“ལའོ་ལི་ཡིས《རླངས་འཁོར་བཤུག་སྤྲོད་གྲོས་མཐུན་ཡི་གེ》སྟེང་མིང་རྟགས་བཀོད་པ་དང་འབྲེལ་ཞའོ་ལི་ལ་སྒོར་མོ་སྤྲད་རྗེས། ཞའོ་ལིའུ་ཡི་ད་གཟོད་དལ་དལ་ངང་དབུགས་རིང་ཞིག་རྔུབ་ཅིང་། དེར་མཐུད་ནས་སྒོར་མོ་ཚང་མ་ཨ་ལུང་ལ་བསྐུར།བསྐྱར་བསགས།ཨ་ལུང་གིས་ནན་ཏན་ངང་ཅོག་ཙེའི་སྟེང་གི་མིང་རྟགས་ལ་ཞིབ་སྡུར་ཞིག་བྱས་ཏེ། བསྐྱི་ཡིག་དང་རླངས་འཁོར་དཔང་ཡིག་སྟོང་བ་གསུམ་གྱི་ཁ་ཕྱེས་ནས་ཤིན་ཏུ་འདྲ་བའི་མིང་རྟགས་བཀོད། ཉིན་བཅུའི་སྔོན་གྱི་ཚོང་ལས་དེ་ཧ་ཅང་བདེ་བླག་བྱུང་བས། ཁོས་དཀའ་ལས་ཅི་ཡང་མ་མྱང་བར་སྒོར་ཁྲི5ཐོབ་པས་ལས་ཀ་དེ་མུ་མཐུད་དུ་ལས་རྒྱུར་སྤྲོ་སྣང་སྐྱེ་བཞིན་ཡོད། “འདི་ནི་ལས་ཚོགས་བྱེད་པ་དང་བསྡུར་ནའང་ཡོང་འབབ་ཧ་ཅང་མགྱོགས“ ཨ་ལུང་གི་སེམས་སུ་ཁ་རོག་གེར་ཅི་ཞིག་ལ་བསམ་བློ་གཏོང་བཞིན། ལག་པས་སྨྱུ་གུ་བཟུང་ནས་མིང་རྟགས་བཀོད་པར་ལད་ཟློས་བྱེད་བཞིན་ཡོད།རླངས་འཁོར་ཉོ་མཁན་ལའོ་ཝུའུ་རླངས་འཁོར་ལྷུ་ལག་ཚོང་རར་སླེབས་རྗེས། ཨ་ལུང་གིས་མྱུར་དུ་རྫུན་བཟོ་བྱས་པའི་ལིན་ཁེན་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་། ཀོན་ཀྲི་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་། ཕ་ས་ཐི་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་བཅས་ལའོ་ཝུའུ་ཡི་མདུན་དུ་སྤྲད་པར་མ་ཟད། ད་དུང་ཁོ་ལ་རླངས་འཁོར་འདི་གསུམ་ལ་བརྒྱུད་འཚོང་དང་གཏའ་འཇོག་ཐག་གཅོད་བྱེད་དབང་ཡོད་ཅེས་རྫུན་བཤད་བྱས། ལའོ་ཝུའུ་ཡིས་ཡི་གེ་དེ་དག་ལ་ཞིབ་ལྟ་ཞིག་བྱས་ནས་སྐྱོན་ཆ་ཅི་ཡང་མ་མཐོང་བས་ཨ་ལུང་དང་ཉོ་འཚོང་བྱས། ཐེངས་འདིར་ཨ་ལུང་གིས་ལའོ་ཝུའུ་ཡི་ལག་ནས་ཁྱོན་བསྡོམས་པས་སྒོར་ཁྲི10གཡོ་ལེན་བྱས།འཛིན་བཟུང་།2022ལོའི་ཟླ1པོར། ཞིབ་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། རླངས་འཁོར་གྱི་གནས་ཚུལ་འགྲིག་མེད་པ་ད་གཟོད་ཤེས་རྟོགས་བྱུང་བས་ལའོ་ལི་དང་ལའོ་ཝུའུ་གཉིས་ཀྱིས་མྱུར་དུ་གྱོད་དོན་སྙན་སེང་ཞུས། ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཞའོ་ལི་དང་ཨ་ལུང་གཉིས་མགྱོགས་མྱུར་ངང་གཏན་འཁེལ་བྱས་ནས་སྔ་རྗེས་སུ་འཛིན་བཟུང་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་བྱེད་པར་བསྐྱལ། 2024ལོའི་ཟླ1པོའི་ཚེས19ཉིན། སྟོང་སྐོར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གཏུག་ཡུལ་ཨ་ལུང་དང་ཞའོ་ལི་གཉིས་ཀྱིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པར་སྐྱོན་འདོན་ཞུ་གཏུག་བྱས་ཏེ། སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས། སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་མཉམ་གྲོས་ཁྲིམས་ར་བཙུགས་ནས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་གྱོད་གཞི་དེ་ཞིབ་གཅོད་བྱས།སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་རྗེས། གཏུག་ཡུལ་ཨ་ལུང་དང་ཞའོ་ལི་གཉིས་ཀྱིས་ཁྲིམས་འགལ་ངང་བདག་བཟུང་བྱེད་པ་དམིགས་ཡུལ་བཟུང་ནས། དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པས། གཏུག་ཡུལ་གཉིས་ཀྱི་བྱ་སྤྱོད་ཚང་མ་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་གྲུབ་ཡོད་ལ། གཏུག་ཡུལ་གཉིས་ཀྱི་ཉེས་གསོག་གི་གནས་ཚུལ་དང་ངོ་བོ། ནག་ཉེས་འགྱོད་བཤགས་བཅས་ལ་གཞིགས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། གཏུག་ཡུལ་ཨ་ལུང་ལ་མགོ་སྐོར་གྱི་ནག་ཉེས་བསགས་པའི་ཁྲིམས་ཐག་བཅད་ནས་དུས་བཀག་བཙོན་འཇུག་ལོ3དང་ཟླ་བ2། སྒོར་ཁྲི2ཀྱི་བཅས་ཀྱི་ཁྲིམས་ཐག་བཅད་པ་དང་། གཏུག་ཡུལ་ཞའོ་ལི་ཡིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ1དང་ཟླ་བ2དང་། ཉེས་ཆད་ཕྱིར་འགྱངས་ལོ1དང་ཟླ་བ6དང་། སྒོར8000བཅས་ཀྱི་ཁྲིམས་ཐག་བཅད།
ཉེས་གསོག
2021ལོའི་ཟླ11པར། གྲང་རླུང་གིས་ཁུར་ཡོང་བའི་འགྱིག་ཤོག་སྣ་ཚོགས་རླངས་འཁོར་ལྷུ་ལག་ཚོང་རའི་མཁའ་དབྱིངས་སུ་འཁོར་ཞིང་། ཞའོ་ལི་ཡིས་བྱ་སྤུའི་དགུན་ལྭ་གྱོན་ཏེ་ལག་པ་གཉིས་མཆན་དུ་བཙུར་ནས་རླངས་འཁོར་ཞིག་ལས་མར་བབས། ཁོའི་ལག་ཏུ་རླངས་འཁོར་གྱི་ལྡེ་མིག་ཅིག་བཟུང་སྟེ་ལག་འཁྱེར་ཁ་པར་བླངས་ནས“ཡིད་ལ་དམ་པོར་ཟུངས། ཁྱོད་ཀྱིས་རླངས་འཁོར་གྱི་བདག་པོ་ཁྱོད་ཡིན་ལ། ཁྱོད་ཀྱི་ཕུ་བོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། འཕྲལ་དུ་སྒོར་མོ་མང་པོ་དགོས་ཕྱིར་རླངས་འཁོར་འདི་འཚོང་བཞིན་ཡོད་ཅེས་ཤོད“ཅེས་པའི་ཁ་བརྡའི་ཟིན་ཐོ་ལ་ཅེར་ནས་ཨེན་ཙམ་ལ་བསྡད།
སྐབས་དེར་རླངས་འཁོར་ཉོ་བར་ཡོང་བའི་ལའོ་ལི་ཞའོ་ལི་ཡི་སྔུན་སར་སླེབས་བྱུང་། “འདི་ཁྱོད་ཀྱི་རླངས་འཁོར་ཡིན་ནམ“ ལའོ་ལི་ཡིས་ཞའོ་ལི་ལ་བལྟས་ཏེ། “འཚོང་བཞིན་པའི་རླངས་འཁོར་དེ་འདི་ཡིན་ནམ“
“རེད། རླངས་འཁོར་འདི་རེད། སྤྱི་ལེ་མང་པོར་བསྐོར་མེད་པས་ཧ་ཅང་གསར་པ་ཡིན། ངའི་ཕུ་བོ་སྨན་ཁང་དུ་སྨན་བཅོས་བྱེད་པར་སྒོར་མོ་མང་པོ་དགོས་ཕྱིར……“ ཞའོ་ལི་ཡིས་ཨ་ལུང་གིས་བསླབ་པའི་སྐད་ཆ་ཚིག་གཅིག་ཀྱང་མ་ཆད་པར་བཤད་ཅིང་། དངངས་སྐྲག་སྐྱེ་བཞིན་ལུས་ཡོངས་སྦྲིད་ནས་ཡོད། “རླངས་འཁོར་འདིའི་ཡི་གེ་ཚང་མ་འདི་ན་ཡོད། ཁྱོད་ཀྱིས་ལྟོས་དང...“
ལའོ་ལི་ཡིས《རླངས་འཁོར་བཤུག་སྤྲོད་གྲོས་མཐུན་ཡི་གེ》སྟེང་མིང་རྟགས་བཀོད་པ་དང་འབྲེལ་ཞའོ་ལི་ལ་སྒོར་མོ་སྤྲད་རྗེས། ཞའོ་ལིའུ་ཡི་ད་གཟོད་དལ་དལ་ངང་དབུགས་རིང་ཞིག་རྔུབ་ཅིང་། དེར་མཐུད་ནས་སྒོར་མོ་ཚང་མ་ཨ་ལུང་ལ་བསྐུར།
བསྐྱར་བསགས།
ཨ་ལུང་གིས་ནན་ཏན་ངང་ཅོག་ཙེའི་སྟེང་གི་མིང་རྟགས་ལ་ཞིབ་སྡུར་ཞིག་བྱས་ཏེ། བསྐྱི་ཡིག་དང་རླངས་འཁོར་དཔང་ཡིག་སྟོང་བ་གསུམ་གྱི་ཁ་ཕྱེས་ནས་ཤིན་ཏུ་འདྲ་བའི་མིང་རྟགས་བཀོད། ཉིན་བཅུའི་སྔོན་གྱི་ཚོང་ལས་དེ་ཧ་ཅང་བདེ་བླག་བྱུང་བས། ཁོས་དཀའ་ལས་ཅི་ཡང་མ་མྱང་བར་སྒོར་ཁྲི5ཐོབ་པས་ལས་ཀ་དེ་མུ་མཐུད་དུ་ལས་རྒྱུར་སྤྲོ་སྣང་སྐྱེ་བཞིན་ཡོད། “འདི་ནི་ལས་ཚོགས་བྱེད་པ་དང་བསྡུར་ནའང་ཡོང་འབབ་ཧ་ཅང་མགྱོགས“ ཨ་ལུང་གི་སེམས་སུ་ཁ་རོག་གེར་ཅི་ཞིག་ལ་བསམ་བློ་གཏོང་བཞིན། ལག་པས་སྨྱུ་གུ་བཟུང་ནས་མིང་རྟགས་བཀོད་པར་ལད་ཟློས་བྱེད་བཞིན་ཡོད།
རླངས་འཁོར་ཉོ་མཁན་ལའོ་ཝུའུ་རླངས་འཁོར་ལྷུ་ལག་ཚོང་རར་སླེབས་རྗེས། ཨ་ལུང་གིས་མྱུར་དུ་རྫུན་བཟོ་བྱས་པའི་ལིན་ཁེན་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་། ཀོན་ཀྲི་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་། ཕ་ས་ཐི་རྟགས་ཅན་གྱི་རླངས་འཁོར་བདག་པོ་དང་ཁོ་གཉིས་བར་གྱི་བསྐྱིས་ཡིག་དང་རླངས་འཁོར་བདེན་དཔང་བཅས་ལའོ་ཝུའུ་ཡི་མདུན་དུ་སྤྲད་པར་མ་ཟད། ད་དུང་ཁོ་ལ་རླངས་འཁོར་འདི་གསུམ་ལ་བརྒྱུད་འཚོང་དང་གཏའ་འཇོག་ཐག་གཅོད་བྱེད་དབང་ཡོད་ཅེས་རྫུན་བཤད་བྱས། ལའོ་ཝུའུ་ཡིས་ཡི་གེ་དེ་དག་ལ་ཞིབ་ལྟ་ཞིག་བྱས་ནས་སྐྱོན་ཆ་ཅི་ཡང་མ་མཐོང་བས་ཨ་ལུང་དང་ཉོ་འཚོང་བྱས། ཐེངས་འདིར་ཨ་ལུང་གིས་ལའོ་ཝུའུ་ཡི་ལག་ནས་ཁྱོན་བསྡོམས་པས་སྒོར་ཁྲི10གཡོ་ལེན་བྱས།
འཛིན་བཟུང་།
2022ལོའི་ཟླ1པོར། ཞིབ་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། རླངས་འཁོར་གྱི་གནས་ཚུལ་འགྲིག་མེད་པ་ད་གཟོད་ཤེས་རྟོགས་བྱུང་བས་ལའོ་ལི་དང་ལའོ་ཝུའུ་གཉིས་ཀྱིས་མྱུར་དུ་གྱོད་དོན་སྙན་སེང་ཞུས། ཉེན་རྟོག་པས་མྱུལ་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཞའོ་ལི་དང་ཨ་ལུང་གཉིས་མགྱོགས་མྱུར་ངང་གཏན་འཁེལ་བྱས་ནས་སྔ་རྗེས་སུ་འཛིན་བཟུང་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་བྱེད་པར་བསྐྱལ། 2024ལོའི་ཟླ1པོའི་ཚེས19ཉིན། སྟོང་སྐོར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད། གཏུག་ཡུལ་ཨ་ལུང་དང་ཞའོ་ལི་གཉིས་ཀྱིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པར་སྐྱོན་འདོན་ཞུ་གཏུག་བྱས་ཏེ། སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས། སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་མཉམ་གྲོས་ཁྲིམས་ར་བཙུགས་ནས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་གྱོད་གཞི་དེ་ཞིབ་གཅོད་བྱས།
སྟོང་སྐོར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་རྗེས། གཏུག་ཡུལ་ཨ་ལུང་དང་ཞའོ་ལི་གཉིས་ཀྱིས་ཁྲིམས་འགལ་ངང་བདག་བཟུང་བྱེད་པ་དམིགས་ཡུལ་བཟུང་ནས། དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱས་པས། གཏུག་ཡུལ་གཉིས་ཀྱི་བྱ་སྤྱོད་ཚང་མ་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་གྲུབ་ཡོད་ལ། གཏུག་ཡུལ་གཉིས་ཀྱི་ཉེས་གསོག་གི་གནས་ཚུལ་དང་ངོ་བོ། ནག་ཉེས་འགྱོད་བཤགས་བཅས་ལ་གཞིགས་ནས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། གཏུག་ཡུལ་ཨ་ལུང་ལ་མགོ་སྐོར་གྱི་ནག་ཉེས་བསགས་པའི་ཁྲིམས་ཐག་བཅད་ནས་དུས་བཀག་བཙོན་འཇུག་ལོ3དང་ཟླ་བ2། སྒོར་ཁྲི2ཀྱི་བཅས་ཀྱི་ཁྲིམས་ཐག་བཅད་པ་དང་། གཏུག་ཡུལ་ཞའོ་ལི་ཡིས་མགོ་གཡོག་མགོ་སྐོར་གྱི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ1དང་ཟླ་བ2དང་། ཉེས་ཆད་ཕྱིར་འགྱངས་ལོ1དང་ཟླ་བ6དང་། སྒོར8000བཅས་ཀྱི་ཁྲིམས་ཐག་བཅད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注