ཉེ་ཆར། ཀྲུང་གོའི་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་དབར་གྱི་ལས་རིགས་གཅིག་པའི་དངུལ་བུན་གཡར་བསྐྱི་ལྟེ་གནས་ལ་ཆོག་མཆན་སྤྲད་ནས་སྤྱི་ལོ2024ལོའི་སྤྱི་ཟླ10པའི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད(LPR)ནི་ལོ་གཅིག་རིང་གི་སྐྱེད་ཚད3.1%ཡིན་པ་དང་། ལོ5ཡན་གྱི་སྐྱེད་ཚད3.6%ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། སྣ་ཁ་དེ་གཉིས་ཟླ་གོང་མ་ལས་གཞི་གྲངས་25ཆག་ཡོད་པ་དང་།  ད་ཐེངས་སྐྱེད་ཚད་དམའ་རུ་བཏང་བ་དེ་ནི་འདི་ལོའི་ནང་ཚུན་གྱི་སྐྱེད་ཚད་དམའ་རུ་གཏོང་ཐེངས་གསུམ་པ་ཡིན་པ་རེད། 

ངོ་མ་དོན་དག་དེ་ནི་ཁང་པའི་བུ་ལོན་གཡར་མཁན་གྱི་ངོས་ནས་བརྗོད་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད། གང་ཡིན་ཟེར་ན། ཁོང་ཚོའི་སྐྱེད་ཀ་འཇལ་བའི་ཁུར་པོ་ཡང་དུ་ཤུགས་ཆེན་འགྲོ་རྒྱུ་མ་ཟད། ད་དུང་གྲོང་མིའི་འཛད་སྤྱོད་ལའང་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ད་དུང་སྡོད་ཁང་གསར་པའམ་རྙིང་པ་ཉོ་བའི་དངུལ་བུན་གཡར་མཁན་ངོས་ནས་བརྗོད་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད་ལ། མི་རིང་བར་ཁང་པ་ཉོ་བའི་དངུལ་བུན་གཡར་མཁན་གྱི་ངོས་ནས་བརྗོད་ནའང་།  སྐྱེད་ཀའི་མ་གནས་དེ་བས་དམའ་བ་ཡོད་པ་རེད།  བསགས་འབོར་ཁང་བུན་གཡར་མཁན་གྱི་ངོས་ནས་བརྗོད་ནའང་། འདི་ལོ་ནས་བཟུང་སྐྱེད་ཚད(LPR)བརྒྱ་ཆའི་གྲངས0.6ཆག་པ་དེའི་ཐོག་ཚོང་ལས་དངུལ་ཁང་ཁག་གིས་སྤྱི་ཟླ10པའི་ཚེས25ཉིན་གཅིག་གྱུར་ཐོག་ལེགས་སྒྲིག་བྱས་པའི་བསགས་འབོར་ཁང་བུན་སྐྱེད་ཚད་ཆ་སྙོམས་བརྒྱ་ཆའི་གྲངས0.5ཆག་ཡོད་པས་འདི་ལོའི་ཁང་བུན་སྐྱེད་ཚད་ཆག་ཚད་བརྒྱ་ཆའི་གྲངས1ལས་བརྒལ་བཟོ་ཡོད་པ་རེད། 

མདོར་ན།  འདི་ལོ་ནས་བཟུང་། དུས་ཡུན་ལོ5ཡན་གྱི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད(LPR)རིམ་རྩིས་བྱས་ན་གཞི་གནས60ཆག་པ་དེ། དཔེར་ན། ཁང་པའི་དངུལ་བུན་གཡར་ཚད་སྒོར་ཁྲི100ཡིན་པར་ཆ་བཞག་ནས་རྩིས་བརྒྱབ་ན།  ལོ25ཡི་ནང་གྲངས་མཚུངས་མ་སྐྱེད་ཀྱི་དངུལ་བུན་འཇལ་སྟངས་ལྟར།   ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་སྤྱི་འབོར་ལས་སྒོར་ཁྲི24ལས་བརྒལ་བ་གྲོན་ཆུང་ཐུབ་རྒྱུ་དང་། ཟླ་བ་རེར་འཇལ་དགོས་ངེས་ཀྱི་དངུལ་བུན་ལས་སྒོར800ཡན་གྲོན་ཆུང་ཐུབ་རྒྱུ་རེད་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号