ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་སྤྱི་བདེ་ཅུས་ཀྱིས་མགྱོགས་མྱུར་ངང་མྱུལ་ཞིབ་བྱས་ཏེ། སྨད་འཚོང་གི་གྱོད་དོན་ཞིག་བདེ་བླག་ངང་རྩད་ཆོད་ནས་དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས།

ཟླ7པའི་ཚེས25ཉིན་གྱི་དགོང་མོར། ཁུ་ནུ་ལམ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་སྐྱོད་བྱེད་སྐབས་མངའ་ཁུལ་གྱི་གཞིས་ཁུལ་ག་གེ་མོར་སྨད་འཚོང་འཆལ་སྤྱོད་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་། གནས་ཚུལ་དེ་ཤེས་རྗེས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་དུ་རྩད་ཞིབ་ཀྱི་བྱ་བ་སྤེལ་ཞིང་། འདྲི་རྩད་དང་བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་མགྱོགས་མྱུར་ངང་གཏན་འཁེལ་བྱས་པར་མ་ཟད། ད་དུང་སྨད་འཚོང་འཆལ་སྤྱོད་ཀྱི་དོགས་ཡོད་ཉེས་ཅན2ཡུལ་དངོས་སུ་འཛིན་བཟུང་བྱས།

འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན2ཀྱིས་ཁྲིམས་འགལ་གྱི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས་ཤིང་། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号