【གསར་བརྗེའི་ཉམས་ཞིབ།】ཐེམ་ཆེན་རྫོང་གི་གཞོན་དར་ལས་བྱེད་གསོ་སྦྱོང་འཛིན་གྲྭ་མདོ་ལ་རྫོང་དུ་འཚོགས་མགོ་བརྩམས།

གཞོན་ནུ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་བསྣོན་པ་དང་ལས་བྱེད་པའི་ཆབ་སྲིད་སྦྱོང་བརྡར། ཆེད་ལས་བྱང་ཚད་མཐོ་རུ་གཏོང་ཆེད་ཟླ7པའི་ཚེས1ནས་ཚེས6ཉིན་བར། ཐེམ་ཆེན་རྫོང་ནས་ཡོང་བའི་གཞོན་ནུ་ལས་བྱེད་པ22མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭར་དུས་ཡུན་ཉིན7གྱི་གཞོན་དར་ལས་བྱེད་གསོ་སྦྱོང་འཛིན་གྲྭར་ཞུགས།

ཐེངས་འདིའི་གསོ་སྦྱོང་ཁྲོད། མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭས་གསོ་སྦྱོང་འཛིན་གྲྭའི་དོན་དངོས་དང་ཁྱད་ཆོས་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་ཀྱི་སློབ་ཁྲིད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་གཙོ་གནད་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།《ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཐོག་མའི་བསམ་འདུན་རྟོགས་པ་དང་། འབད་འབུངས་ཡར་བརྩོན་བྱས་ནས་ལེའུ་གསར་པ་འབྲི་པ།》《ཕུགས་བསམ་ནི་གནམ་ལས་མཐོ་ལ་ཁྲག་དྲོན་གྱིས་མདོ་ལ་བསྐྲུན》སོགས་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་འདུ་ཤེས་འཛིན་སྟངས། ཚན་རྩལ་གསར་གཏོད།  མེ་ཟོན་ཤེས་བྱ་སོགས་ཀྱི་ཆེད་དོན་སློབ་ཚན་གྱི་རིགས་པའི་གཞུང་ལུགས་གསར་པ་དང་ཤེས་བྱ་གསར་པ། བསམ་བློ་གསར་པ་བཅས་ལ་བརྟེན་ནས་ཕུལ་བྱུང་གཞོན་ནུ་ལས་བྱེད་པའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་བསམ་ཕྱོགས་རྒྱ་སྐྱེད་གཏོང་བར་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་ཏེ་དེ་ཉིད་ལས་གནས་ཀྱི་བླང་བྱ་དང་སྔར་ལས་འཚམ་པར་སྐུལ་འདེད་དང་རང་འགན་གཙང་སྒྲུབ། འགན་འཁྲི་འཁུར་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号