གཉེན་འཐོར་རྗེས་ནུ་མ་སྣུན་བཞིན་པའི་བུ་ཕྲུག་སུས་སྙོར་དགོས།
གྱོད་དཔེ།འབྲུག་ལྷ་དང་སྒྲོལ་དཀར་གཉིས་དགོང་ཚོགས་ཤིག་གི་སྟེང་ནས་ངོ་ཤེས་ཤིང་། ཡུན་རིང་མ་འགོར་བར་མཛའ་གྲོགས་ཀྱི་འབྲེལ་བ་ཆགས་ཏེ་མགྱོགས་མྱུར་ངང་གཉེན་བསྒྲིགས། གཉེན་བསྒྲིགས་རྗེས་ཁྱོ་ག་འབྲུག་ལྷས་ཁྱིམ་ལས་ཅུང་ཙམ་ཡང་མི་ལས་པར“བྱིས་པ་ལོ་རྒན”ཞིག་གི་རྣམ་འགྱུར་བཟུང་སྟེ། དུས་རྒྱུན་རོལ་རྩེད་ཀྱི་འཇིག་རྟེན་དུ་གཡེང་ནས་བསྡད། ཆུང་མ་སྒྲོལ་དཀར་གྱིས་བུ་ཕྲུག་སྐྱེས་རྗེས་ཁྱིམ་ལས་ཡོད་ཚད་མོ་རང་གཅིག་པུས་ལས་དགོས་པས། ལུས་སེམས་གཉིས་ཀ་ངལ་ཞིང་དུབ་པར་གྱུར། བུ་ཕྲུག་སྐྱེས་ཏེ་ཟླ་ངོ20ལོན་པའི་སྐབས་སུ། འབྲུག་ལྷ་དང་སྒྲོལ་དཀར་གཉིས་གཉེན་འཐོར་རྩིས་བྱས། ཡིན་ཡང་ཁོ་གཉིས་ཀས་བུ་ཕྲུག་སྙོར་སྐྱོང་བྱེད་དབང་བརྩོན་ལེན་བྱེད་འདོད་པ་རེད། དེས་ན་སྐྱེས་ནས་ཟླ་ངོ20ཙམ་ལས་འགོར་མེད་པའི་བུ་ཕྲུག་དེ་སུས་སྙོར་སྐྱོང་བྱས་ན་འགྲིག་གམ།གྱོད་དོན་དབྱེ་ཞིབ།གྱོད་དོན་འདིའི་རྩོད་གཞི་ནི་གཉེན་འཐོར་རྗེས་བུ་ཕྲུག་སྙོར་སྐྱོང་བྱེད་པའི་དབང་ཆ་སུ་ལ་གཏོགས་པ་དེར་ཐུག་ཡོད་པ་རེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ལོ་ཧྲིལ་པོ་གཉིས་ལ་མ་སོན་པའི་བུ་ཕྲུག་དེ་ནུ་མ་སྣུན་བཞིན་པའི་ཨ་མས་སྙོར་སྐྱོང་བྱེད་དགོས་པའི་རྩ་དོན་དང་བསྟུན་དགོས། གྱོད་དོན་འདིའི་ནང་དུ། འབྲུག་ལྷ་དང་སྒྲོལ་དཀར་གཉིས་གཉེན་འཐོར་བ་དེས་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་མེད་པར་བཟོ་མི་ཐུབ་མོད། འོན་ཀྱང་སྙོར་སྐྱོང་བྱེད་ཐབས་ལ་འགྱུར་ལྡོག་བྱུང་ཡོད། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་ལ་ནུ་མ་སྣུན་དགོས་པའི་གནད་དོན་ལ་གཞིགས་ཏེ། ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་པ་རྩ་དོན་དུ་འཛིན་དགོས། ཁོ་གཉིས་ཀྱི་ཟླ་ངོ20ལ་བུད་མ་ཐག་པའི་བུ་ཕྲུག་དེ་ལོ་ཧྲིལ་པོ་གཉིས་ལ་སོན་མེད་པས། ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་དགོས་པ་དང་། ཨ་ཕ་འབྲུག་ལྷས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས།འབྲེལ་ཡོད་ཁྲིམས་ཚན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1084པ། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་དེ། ཕ་མ་གཉིས་ཀ་གཉེན་འཐོར་བའི་རྐྱེན་གྱིས་མེད་པར་འགྱུར་བ་ཞིག་མིན། གཉེན་འཐོར་རྗེས། བུ་ཕྲུག་ཕའམ་མ་གང་རུང་གིས་ཐད་ཀར་དུ་སྙོར་སྐྱོང་བྱས་པ་ཡིན་ཡང་། སྔར་བཞིན་ཕ་མ་ཕྱོགས་གཉིས་ཀའི་བུ་ཕྲུག་ཡིན།གཉེན་འཐོར་རྗེས། ཕ་མར་སྔར་བཞིན་བུ་ཕྲུག་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་དབང་ཆ་དང་འོས་འགན་ཡོད།གཉེན་འཐོར་རྗེས། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེ་ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་པའི་རྩ་དོན་དང་བསྟུན་དགོས། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེའི་སྙོར་སྐྱོང་གནད་དོན་ཐད་ནས་ཕ་མ་ཕྱོགས་གཉིས་ཀ་གྲོས་མཐུན་མ་བྱུང་ན། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་སྟེ། ནར་མ་སོན་པའི་བུ་ཕྲུག་ལ་ཕན་ཐོགས་ཆེ་ཤོས་ཀྱི་རྩ་དོན་ལྟར་ཁྲིམས་ཐག་གཅོད་རྒྱུ། བུ་ཕྲུག་ལོ་ཧྲིལ་པོ་བརྒྱད་ལ་སོན་ཡོད་ན། དེའི་འདོད་བློ་དངོས་ལ་བརྩི་འཇོག་བྱེད་དགོས།དོན་ཚན1085པ། གཉེན་འཐོར་རྗེས། བུ་ཕྲུག་ཕ་མ་ཕྱོགས་གཅིག་གིས་ཐད་ཀར་དུ་སྙོར་སྐྱོང་བྱས་པ་ཡིན་ན། ཕྱོགས་གཞན་དེས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས། གྲོན་དངུལ་ག་ཙམ་སྟེར་རྒྱུ་དང་སྟེར་ཡུན་གྱི་རིང་ཐུང་དེ་ཕྱོགས་གཉིས་ཀ་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་མཐུན་མ་བྱུང་ཚེ། མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ།དོན་ཚན་སྔོན་མར་གཏན་འབེབས་བྱས་པའི་གྲོས་མཐུན་དང་ཡང་ན་བཅད་ཁྲ་ལྟར་ན། བུ་ཕྲུག་གིས་དགོས་ངེས་ཀྱི་སྐབས་སུ་ཕ་མ་གཉིས་ལས་གང་རུང་ལ་གྲོས་མཐུན་དང་ཡང་ན་བཅད་ཁྲའི་སྔོན་གྱི་གྲངས་ཚད་ལས་བརྒལ་བའི་ལུགས་མཐུན་གྱི་བླང་བྱ་འདོན་ཆོགཁྲིམས་ཚན་ཞིབ་འགྲེལ།གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་གཉེན་འཐོར་རྗེས་བུ་ཕྲུག་གི་སྙོར་སྐྱོང་དང་ནར་མ་སོན་པའི་བུ་ཕྲུག་གི་སྙོར་སྐྱོང་གྲོན་དངུལ་ཐད་ཀྱི་གཏན་འབེབས་རེད།གཉེན་འཐོར་རྗེས་བུ་ཕྲུག་སྙོར་སྐྱོང་གི་རྩ་དོན་ནི། (1)ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེར་ནུ་མ་སྣུན་པའི་དུས་ཡུན་སྤྱིར་བཏང་ལོ་ངོ་གཉིས་ཡིན་པར་གཞིགས་ན། ཨ་མས་ནུ་མ་བསྣུན་ནས་སྙོར་སྐྱོང་བྱེད་པའི་རྩ་དོན་གཞིར་འཛིན་དགོས། (2)ལོ་ཧྲིལ་པོ་གཉིས་ཀྱི་ཡན་ལ་སོན་པའི་བུ་ཕྲུག་གི་སྙོར་སྐྱོང་དང་སྙོར་སྐྱོང་བྱེད་པའི་ཆ་རྐྱེན་ནི། བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག ཕ་མ་ཕྱོགས་གཉིས་ཀའི་སྙོར་སྐྱོང་གི་ནུས་པ་དང་སྙོར་སྐྱོང་གི་ཆ་རྐྱེན་སོགས་བྱེ་བྲག་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་ཁང་གིས་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་ཕན་ཐོགས་པ་སྔོན་འགྲོ་བྱས་ནས། གཉེན་འཐོར་རྗེས་ཀྱི་བུ་ཕྲུག་དེའི་སྙོར་སྐྱོང་བྱེད་མཁན་གྱི་གནད་དོན་ཐག་གཅོད་དགོས།གཉེན་འཐོར་རྗེས། ཕ་མ་གཉིས་ཀར་བུ་ཕྲུག་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། བུ་ཕྲུག་ཕ་མ་ཕྱོགས་གཅིག་གིས་ཐད་ཀར་སྙོར་སྐྱོང་བྱས་པ་ཡིན་ན། ཕྱོགས་གཞན་དེས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས། བུ་ཕྲུག་ལ་སྙོར་སྐྱོང་གྲོན་དངུལ་སྟེར་བའི་བྱེད་ཐབས་སྣ་གསུམ་ཡོད་དེ། (1)དུས་བཅད་ལྟར་སྟེར་བ་དང་ཐེངས་གཅིག་ལ་སྟེར་བ། (2) དངོས་པོ་དངུལ་ཚབ་ཏུ་སྟེར་བ། (3)གྲོས་མོལ་བྱས་ཏེ་མེད་པར་བཟོ་བ་བཅས་སོ། །
གྱོད་དཔེ།
འབྲུག་ལྷ་དང་སྒྲོལ་དཀར་གཉིས་དགོང་ཚོགས་ཤིག་གི་སྟེང་ནས་ངོ་ཤེས་ཤིང་། ཡུན་རིང་མ་འགོར་བར་མཛའ་གྲོགས་ཀྱི་འབྲེལ་བ་ཆགས་ཏེ་མགྱོགས་མྱུར་ངང་གཉེན་བསྒྲིགས། གཉེན་བསྒྲིགས་རྗེས་ཁྱོ་ག་འབྲུག་ལྷས་ཁྱིམ་ལས་ཅུང་ཙམ་ཡང་མི་ལས་པར“བྱིས་པ་ལོ་རྒན”ཞིག་གི་རྣམ་འགྱུར་བཟུང་སྟེ། དུས་རྒྱུན་རོལ་རྩེད་ཀྱི་འཇིག་རྟེན་དུ་གཡེང་ནས་བསྡད། ཆུང་མ་སྒྲོལ་དཀར་གྱིས་བུ་ཕྲུག་སྐྱེས་རྗེས་ཁྱིམ་ལས་ཡོད་ཚད་མོ་རང་གཅིག་པུས་ལས་དགོས་པས། ལུས་སེམས་གཉིས་ཀ་ངལ་ཞིང་དུབ་པར་གྱུར། བུ་ཕྲུག་སྐྱེས་ཏེ་ཟླ་ངོ20ལོན་པའི་སྐབས་སུ། འབྲུག་ལྷ་དང་སྒྲོལ་དཀར་གཉིས་གཉེན་འཐོར་རྩིས་བྱས། ཡིན་ཡང་ཁོ་གཉིས་ཀས་བུ་ཕྲུག་སྙོར་སྐྱོང་བྱེད་དབང་བརྩོན་ལེན་བྱེད་འདོད་པ་རེད། དེས་ན་སྐྱེས་ནས་ཟླ་ངོ20ཙམ་ལས་འགོར་མེད་པའི་བུ་ཕྲུག་དེ་སུས་སྙོར་སྐྱོང་བྱས་ན་འགྲིག་གམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདིའི་རྩོད་གཞི་ནི་གཉེན་འཐོར་རྗེས་བུ་ཕྲུག་སྙོར་སྐྱོང་བྱེད་པའི་དབང་ཆ་སུ་ལ་གཏོགས་པ་དེར་ཐུག་ཡོད་པ་རེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ལོ་ཧྲིལ་པོ་གཉིས་ལ་མ་སོན་པའི་བུ་ཕྲུག་དེ་ནུ་མ་སྣུན་བཞིན་པའི་ཨ་མས་སྙོར་སྐྱོང་བྱེད་དགོས་པའི་རྩ་དོན་དང་བསྟུན་དགོས། གྱོད་དོན་འདིའི་ནང་དུ། འབྲུག་ལྷ་དང་སྒྲོལ་དཀར་གཉིས་གཉེན་འཐོར་བ་དེས་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་མེད་པར་བཟོ་མི་ཐུབ་མོད། འོན་ཀྱང་སྙོར་སྐྱོང་བྱེད་ཐབས་ལ་འགྱུར་ལྡོག་བྱུང་ཡོད། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་ལ་ནུ་མ་སྣུན་དགོས་པའི་གནད་དོན་ལ་གཞིགས་ཏེ། ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་པ་རྩ་དོན་དུ་འཛིན་དགོས། ཁོ་གཉིས་ཀྱི་ཟླ་ངོ20ལ་བུད་མ་ཐག་པའི་བུ་ཕྲུག་དེ་ལོ་ཧྲིལ་པོ་གཉིས་ལ་སོན་མེད་པས། ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་དགོས་པ་དང་། ཨ་ཕ་འབྲུག་ལྷས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1084པ། ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་དེ། ཕ་མ་གཉིས་ཀ་གཉེན་འཐོར་བའི་རྐྱེན་གྱིས་མེད་པར་འགྱུར་བ་ཞིག་མིན། གཉེན་འཐོར་རྗེས། བུ་ཕྲུག་ཕའམ་མ་གང་རུང་གིས་ཐད་ཀར་དུ་སྙོར་སྐྱོང་བྱས་པ་ཡིན་ཡང་། སྔར་བཞིན་ཕ་མ་ཕྱོགས་གཉིས་ཀའི་བུ་ཕྲུག་ཡིན།
གཉེན་འཐོར་རྗེས། ཕ་མར་སྔར་བཞིན་བུ་ཕྲུག་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་དབང་ཆ་དང་འོས་འགན་ཡོད།
གཉེན་འཐོར་རྗེས། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེ་ཨ་མས་ཐད་ཀར་དུ་སྙོར་སྐྱོང་བྱེད་པའི་རྩ་དོན་དང་བསྟུན་དགོས། ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེའི་སྙོར་སྐྱོང་གནད་དོན་ཐད་ནས་ཕ་མ་ཕྱོགས་གཉིས་ཀ་གྲོས་མཐུན་མ་བྱུང་ན། མི་དམངས་ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་སྟེ། ནར་མ་སོན་པའི་བུ་ཕྲུག་ལ་ཕན་ཐོགས་ཆེ་ཤོས་ཀྱི་རྩ་དོན་ལྟར་ཁྲིམས་ཐག་གཅོད་རྒྱུ། བུ་ཕྲུག་ལོ་ཧྲིལ་པོ་བརྒྱད་ལ་སོན་ཡོད་ན། དེའི་འདོད་བློ་དངོས་ལ་བརྩི་འཇོག་བྱེད་དགོས།
དོན་ཚན1085པ། གཉེན་འཐོར་རྗེས། བུ་ཕྲུག་ཕ་མ་ཕྱོགས་གཅིག་གིས་ཐད་ཀར་དུ་སྙོར་སྐྱོང་བྱས་པ་ཡིན་ན། ཕྱོགས་གཞན་དེས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས། གྲོན་དངུལ་ག་ཙམ་སྟེར་རྒྱུ་དང་སྟེར་ཡུན་གྱི་རིང་ཐུང་དེ་ཕྱོགས་གཉིས་ཀ་གྲོས་མོལ་བྱས་ནས་ཐག་གཅོད་དགོས། གྲོས་མཐུན་མ་བྱུང་ཚེ། མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ།
དོན་ཚན་སྔོན་མར་གཏན་འབེབས་བྱས་པའི་གྲོས་མཐུན་དང་ཡང་ན་བཅད་ཁྲ་ལྟར་ན། བུ་ཕྲུག་གིས་དགོས་ངེས་ཀྱི་སྐབས་སུ་ཕ་མ་གཉིས་ལས་གང་རུང་ལ་གྲོས་མཐུན་དང་ཡང་ན་བཅད་ཁྲའི་སྔོན་གྱི་གྲངས་ཚད་ལས་བརྒལ་བའི་ལུགས་མཐུན་གྱི་བླང་བྱ་འདོན་ཆོག
ཁྲིམས་ཚན་ཞིབ་འགྲེལ།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་གཉེན་འཐོར་རྗེས་བུ་ཕྲུག་གི་སྙོར་སྐྱོང་དང་ནར་མ་སོན་པའི་བུ་ཕྲུག་གི་སྙོར་སྐྱོང་གྲོན་དངུལ་ཐད་ཀྱི་གཏན་འབེབས་རེད།
གཉེན་འཐོར་རྗེས་བུ་ཕྲུག་སྙོར་སྐྱོང་གི་རྩ་དོན་ནི། (1)ལོ་ཧྲིལ་པོ་གཉིས་ལ་སོན་མེད་པའི་བུ་ཕྲུག་དེར་ནུ་མ་སྣུན་པའི་དུས་ཡུན་སྤྱིར་བཏང་ལོ་ངོ་གཉིས་ཡིན་པར་གཞིགས་ན། ཨ་མས་ནུ་མ་བསྣུན་ནས་སྙོར་སྐྱོང་བྱེད་པའི་རྩ་དོན་གཞིར་འཛིན་དགོས། (2)ལོ་ཧྲིལ་པོ་གཉིས་ཀྱི་ཡན་ལ་སོན་པའི་བུ་ཕྲུག་གི་སྙོར་སྐྱོང་དང་སྙོར་སྐྱོང་བྱེད་པའི་ཆ་རྐྱེན་ནི། བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་འོག ཕ་མ་ཕྱོགས་གཉིས་ཀའི་སྙོར་སྐྱོང་གི་ནུས་པ་དང་སྙོར་སྐྱོང་གི་ཆ་རྐྱེན་སོགས་བྱེ་བྲག་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་ཁང་གིས་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་ཕན་ཐོགས་པ་སྔོན་འགྲོ་བྱས་ནས། གཉེན་འཐོར་རྗེས་ཀྱི་བུ་ཕྲུག་དེའི་སྙོར་སྐྱོང་བྱེད་མཁན་གྱི་གནད་དོན་ཐག་གཅོད་དགོས།
གཉེན་འཐོར་རྗེས། ཕ་མ་གཉིས་ཀར་བུ་ཕྲུག་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། བུ་ཕྲུག་ཕ་མ་ཕྱོགས་གཅིག་གིས་ཐད་ཀར་སྙོར་སྐྱོང་བྱས་པ་ཡིན་ན། ཕྱོགས་གཞན་དེས་སྙོར་སྐྱོང་གྲོན་དངུལ་གྱི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས། བུ་ཕྲུག་ལ་སྙོར་སྐྱོང་གྲོན་དངུལ་སྟེར་བའི་བྱེད་ཐབས་སྣ་གསུམ་ཡོད་དེ། (1)དུས་བཅད་ལྟར་སྟེར་བ་དང་ཐེངས་གཅིག་ལ་སྟེར་བ། (2) དངོས་པོ་དངུལ་ཚབ་ཏུ་སྟེར་བ། (3)གྲོས་མོལ་བྱས་ཏེ་མེད་པར་བཟོ་བ་བཅས་སོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注