ཡུལ་ཤུལ་གྱི་དྲ་ཐོག་ཐད་གཏོང་པ་གཉིས་བཀག་ཉར་བྱས་འདུག

མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་སྤྱི་བདེ་ཅུས་དེའི་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས། དྲ་རྒྱའི་ཟང་ཟིང་སྣང་ཚུལ་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རིང་། ཐད་གཏོངPKབྱེད་སྐབས་མ་རབས་ཐ་ཤལ་དང་ལུགས་འགལ་སྲོལ་འགལ་གྱི་ནང་དོན་བརྒྱུད་སྤེལ་བྱེད་མཁན་ཐད་གཏོང་པ2ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།

དེ་ཡང་། ཟླ6ཚེས25ཉིན། ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་དྲ་རྒྱའི་སྐོར་ཞིབ་བྱེད་སྐབས། ཡུལ་ཤུལ་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་དྲ་ཐོག་ཐད་གཏོང་པ་བཀྲ་ཆེ་གེ་མོ(སྐྱེས་པ)དང་བཀྲ་ཆེ་གེ་མོ(བུད་མེད)གཉིས་ཀྱིས་ཐད་གཏོངPKབྱེད་སྐབས་ཕ་རོལ་པོར་ངན་སྐུལ་དང་འཇམ་ཁྲིད་བྱས་ནས་མ་རབས་ཐ་ཤལ་གྱི་ཆད་པ་བཅད་པ་དང་དེར་དྲ་དམངས་མང་པོས་ལྟ་རུབ་བརྒྱབ་པས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པ་ཤེས་རྟོགས་བྱུང་ཡོད།

ཟླ6ཚེས27ཉིན། ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བཞི་པའི་གཏན་འབེབས་གཞིར་བཟུང་། བཀྲ་ཆེ་གེ་མོ་དང་བཀྲ་ཆེ་གེ་མོ(བུད་མེད)གཉིས་ཀྱིས་མ་རབས་ཐ་ཤལ་དང་ལུགས་འགལ་སྲོལ་འགལ་གྱི་ནང་དོན་ཁྱབ་སྤེལ་བྱས་པས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་5བྱ་རྒྱུའི་སྲིད་འཛིན་ཆད་པ་བཅད་པ་དང་། འབྲེལ་ཡོད་བརྙན་ཐུང་ལས་སྟེགས་ཀྱི་རྩིས་ཐོ་ཡུན་རིང་བཀག་སྡོམ་བྱས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས། དྲ་སྦྲེལ་ནི་བཅའ་ཁྲིམས་མེད་པའི་ས་ཆ་ཞིག་མིན། སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲ་རྒྱའི་ཐད་གཏོང་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། “ཆགས་སྲེད་དང་མདོག་ཉེས། སྤྱོད་ངན། རྫུན་བཟོ། ཐ་ཤལ། རྒྱན་འཛུགས”སོགས་ཁྲིམས་འགལ་སྒྲིག་འགལ་ནང་དོན་གྱི་དྲ་རྒྱའི་ཟང་ཟིང་སྣང་ཚུལ་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱ་རྒྱུ་ཡིན་པ་དང་། རྒྱ་ཆེའི་དྲ་ཐོག་ཐད་གཏོང་བྱེད་མཁན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རང་རྟོགས་ངང་སྤྱི་པའི་སྒྲིག་ལམ་སྲོལ་བཟང་ལ་བརྩི་སྲུང་ཞུ་བ། དྲ་རྒྱའི་དྲང་ནུས་ཁྱབ་སྤེལ་བཅས་བྱས་ཏེ། ཐུན་མོང་ཐོག་དྭངས་གཙང་གི་དྲ་རྒྱའི་བར་མཐོངས་གཏོད་དགོས་ཞེས་དྲན་སྐུལ་བྱས་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号