རྭ་རྒྱ་གྲོང་རྡལ་གྱིས་གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས།

ཟླ6པའི་ཚེས29ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱིས་ཏང་བཙུགས་ནས་ལོ་འཁོར103ལོན་པ་སྤྲོ་བས་བསུ་བའི“གསར་བརྗེའི་གླུ་དབྱངས་བླངས་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བྱེད། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས”ཞེས་པའི་གསར་བརྗེ་གླུ་དབྱངས་མཉམ་ལེན་གྱི་འགྲན་བསྡུར་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར103ལོན་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་བརྒྱའི་འབད་བརྩོན་བརྒྱུད་རིམ་ལ་བསྟོད་གླུ་ལེན་པ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་བྱས་རྗེས་ལ་བསྟོད་བསྔགས། ཏང་ལ་དགའ་བ་དྲགས་པོ་ཡོད་པ་བཅས་མཚོན་པར་བྱས།

《ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》དང《ཏང་ལ་གླུ་དབྱངས་ལེན》དང《ཝུའུ་ཆི་གྲོང་རྡལ་ལ་འགྲོ》བཅས་སྙན་འཇེབས་ཀྱི་དབྱངས་རྟ་དང་གླུ་སྐད། ཡར་བརྩོན་མདུན་བསྐྱོད་ཀྱི་གདངས་དབྱངས་ཀྱིས་ཡུལ་དངོས་ཀྱི་མི་རྣམས་ཀྱི“རྒྱལ་གཅེས་སེམས་པ”ཕྱོགས་གཅིག་ལ་བསྡུས། ཡུལ་དངོས་ཀྱི་སེམས་ཚོར་སྐྱིད་ལ་གར་སྟེགས་སུ་རོལ་མོས་སྒྲ་དབྱངས་ཀྱིས་ཁྱབ། ཉན་མཁན་ཚོའི་དགའ་བསུའི་ཁྲོད་ནས་རྒྱུས་མངའ་ཡོད་པའི་གླུ་དབྱངས་རེ་རེ་བླངས་ནས་ལྟད་མོ་ངོ་མཚར་བ་བསྟན། རྣམ་པ་མང་པོའི་གསར་བརྗེའི་གླུ་དབྱངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་བརྩོན་བརྒྱུད་རིམ་མཚོན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སྤོབས་པ་དང་ཐེག་ཁུར་གླུ་རུ་བླངས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མི་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་བརྟན་པོ་གླུ་རུ་བླངས།

ཛ་དྲག་གི་འགྲན་རྩོད་དང་ཡུལ་དངོས་ཀྱི་དཔྱད་འདེམས་པའི་འདྲ་མཉམ་དང་དྲང་གཞག་གི་དཔྱད་བསྡུར་བརྒྱུད་མཐར། རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭས་ཨང་དང་པོ་བླངས། རྒྱལ་ཁབ་ནུས་ཁུངས་མར་སྟེང་ཀུང་སི། ཅུན་ཀུང་ལམ་སྡེ་ཁུལ་བཅས་ཀྱིས་ཨང་གཉིས་པ་བླངས། ཧྭ་བྱ་སྡེ་བ། རྭ་རྒྱ་ཁྲོམ་རའི་ལྟ་རྟོག་སུའོ། རྭ་རྒྱ་ལམ་སྡེ་ཁུལ་བཅས་ཀྱིས་ཨང་གསུམ་པ་བླངས། རྭ་རྒྱ་གྲོང་རྡལ་ལྟེ་གནས་འཕྲོད་བསྟེན་ཁང་ལ་ཕུལ་བྱུང་བྱ་དགའ་ཐོབ། འགྲན་བསྡུར་ཧྲིལ་པོ་རྭ་རྒྱ་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་ཀྱི《མེས་རྒྱལ་གྱིས་བརྗེད་མི་སྲིད》ཅེས་པའི་མཉམ་ལེན་ཁྲོད་དུ་བདེ་བླག་ངང་མཇུག་བསྒྲིལ།

འཆར་འགོད་བྲིས་ཟིན་ལ། གདོང་མཆོང་གི་སྒྲ་ཡང་བསྒྲགས་པས། ཡར་བརྩོན་གྱི་དུས་ལ་བབ་འདུག རྗེས་མར། རྭ་རྒྱ་གྲོང་རྡལ་ཏང་ཨུས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བརྩིས་ཏེ། རྒྱུན་མཐུད་ནས“ཏང་བཙུགས་ནས་ལོ་འཁོར103ལོན་པ་སྤྲོ་བས་བསུ་བ”ཡི་མུ་འབྲེལ་བྱ་འགུལ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་དགོངས་པ་ལག་ལེན་མཐར་ཕྱིན་དོན་འཁྱོལ་དང་། རང་འགུལ་གྱིས་ཏང་གི་འོད་སྟོང་བརྒྱུད་རིམ་ཁྲོད་འབད་བརྩོན་ཡར་བསྐྱེད་ཀྱི་སྙིང་སྟོབས་བསྡུ་ལེན་དང་། ཐོག་མའི་བསམ་འདུན་མི་འགྱུར་བར་འགན་འཁྲི་ཕྲག་ལ་འཁུར་བ་དང་། ཏན་ཏན་ཏིག་ཏིག་དང་འབད་པ་ལྷུར་ལེན་བྱས་ཏེ། རྭ་རྒྱ་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号