རང་གི་བུ་ཕྲུག་ངོ་མ་ཡིན་མིན་ལ་དོགས་པ་སྐྱེས་ན་ཇི་ལྟར་བྱེད་དགོས།
གྱོད་དཔེ།ལྷ་དཔལ་དང་གཡང་སྐྱིད་གཉིས་མཛའ་གྲོགས་བསྒྲིགས་ནས་ལོ་ངོ་གཅིག་ཙམ་འགོར་རྗེས། གཡང་སྐྱིད་ལ་མངལ་ཆགས་པས་ཁོ་གཉིས་ཕ་ཡུལ་ནས་གཉེན་བསྒྲིགས་པ་དང་། ཟླ་ངོ་དགུ་ལྷག་འགོར་རྗེས་བུ་མོ་སྙིང་ལ་རྗེ་བོ་ཞིག་སྐྱེས། ལྷ་དཔལ་གྱིས་བུ་མོའི་སྐྲ་མདོག་སེར་པོ་ཡིན་ཞིང་། ཁོ་བཟའ་ཟླ་གཉིས་ཀྱི་སྐྲ་མདོག་ནག་པོ་ཡིན་པར་མ་ཟད། བཞིན་རས་སོགས་ཀྱང་རང་ཉིད་ལ་ཟུར་ཙམ་ཡང་མི་རིག་པས། བུ་མོ་རང་གི་ཤ་ལས་ཆད་པ་མིན་པར་དོགས་པ་སྐྱེས་ཏེ། བསྐྱེད་བུ་དབྱེ་གཅོད་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས། ལྷ་དཔལ་གྱི་སེམས་ཁྲལ་དེ་ཇི་ལྟར་བསལ་དགོས་སམ།གྱོད་དོན་དབྱེ་ཞིབ།གྱོད་དོན་འདིའི་རྩོད་གཞི་ནི་ལྷ་དཔལ་ལ་ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་དབང་ཡོད་མེད་ལ་ཐུག་ཡོད་དེ། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། ཕ་མ་གཉིས་ཀ་སུ་ཡིན་ཡང་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་བྱས་ཏེ། ཕ་བུའི་འབྲེལ་བ་ངོས་འཛིན་དང་ཡང་ན་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོག གྱོད་དོན་འདིའི་ནང་དུ། ལྷ་དཔལ་གྱིས་བུ་མོ་རང་གི་བུ་ཕྲུག་ངོ་མ་ཡིན་པ་ཁས་མི་ལེན་པའི་བྱ་སྤྱོད་དེ་ནི་ཕ་བུའི་འབྲེལ་བ་ཁས་མ་བླངས་པར་གཏོགས་པ་རེད། ལྷ་དཔལ་དང་གཡང་སྐྱིད་གཉིས་ཀྱི་བར་ལ་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ་སྐྱེས་པའི་བུ་མོ་ནི་བཟའ་ཟླ་གཉིས་གཉེན་བསྒྲིགས་ནས་སྐྱེས་པ་ཡིན་པར་རིགས་འདེད་བྱེད་དགོས་ལ། གལ་ཏེ་ལྷ་དཔལ་ལ་བསམ་ཚུལ་མི་མཐུན་པ་ཡོད་ཚེ། སྔོན་ལ་བུ་བསྐྱེད་དབྱེ་གཅོད་བྱས་ཏེ་བུ་མོ་རང་གི་བུ་ཕྲུག་ངོ་མ་ཡིན་མིན་བདེན་དཔང་བྱེད་ཆོག གལ་ཏེ་དབྱེ་གཅོད་བྱས་པ་བརྒྱུད་བུ་མོ་རང་གི་བུ་ཕྲུག་ངོ་མ་མིན་པ་བདེན་དཔང་བྱས་ཚེ། ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཕ་བུའི་འབྲེལ་བ་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོག གལ་ཏེ་ཁྲིམས་ཁང་གིས་ལྷ་དཔལ་དང་བུ་མོའི་བར་དུ་ཕ་བུའི་འབྲེལ་བ་མེད་པའི་ཁྲིམས་ཐག་བཅད་ན། ལྷ་དཔལ་གྱིས་བུ་མོ་སྙོར་སྐྱོང་བྱེད་རྒྱུ་ཁས་མ་བླངས་ན་ཆོགའབྲེལ་ཡོད་ཁྲིམས་ཚན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1073པ། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། ཨ་ཕའམ་ཡང་ན་ཨ་མས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཕ་བུའི་འབྲེལ་བ་ངོས་འཛིན་ནམ་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོགཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། བུ་ཕྲུག་དར་མས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་པའི་རེ་འདུན་ཞུས་ཆོགཁྲིམས་ཚན་ཞིབ་འགྲེལ།ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་ཕ་བུའི་འབྲེལ་བ་ངོས་འཛིན་ཐད་ཀྱི་བཅའ་ཁྲིམས་གཏན་འབེབས་རེད།ཕ་བུའི་འབྲེལ་བ་ཞེས་པ་ནི་ཕ་མ་དང་བུ་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བར་གོ་བ་ཡིན། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པའི་གནས་ཚུལ་ལ་རིགས་གཉིས་ཡོད་དེ། (གཅིག)ཕ་བུའི་འབྲེལ་བ་ཁས་ལེན་མི་བྱེད་པ། དེ་ནི་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་ཁས་མི་ལེན་པ་སྟེ། དོ་བདག་པར་གཉེན་བསྒྲིགས་རྗེས་སྐྱེས་པའི་བུ་ཕྲུག་དེ་རང་གི་བུ་ཕྲུག་ངོ་མ་མིན་པར་གཏུག་བཤེར་བྱེད་པའི་རེ་འདུན་ཞུ་དབང་ཡོད་པར་གོ་བ་ཡིན། (གཉིས)ཕ་བུའི་འབྲེལ་བ་ངོས་འཛིན་ཞེས་པ་ནི་གཉེན་སྒྲིག་གི་འབྲེལ་བ་མེད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་ངོས་ལེན་བྱེད་པ་སྟེ། ཨ་ཕ་ངོ་མས་གཉེན་སྒྲིག་གི་འབྲེལ་བ་མེད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་དེ་རང་གི་བུ་ཕྲུག་ཡིན་པར་ངོས་ལེན་བྱེད་པའི་གནས་ཚུལ་ལ་གོ་བ་ཡིན།དམངས་དོན་ཁྲིམས་གཞུང་གིས་ཕ་བུའི་འབྲེལ་བ་དེར་སྤྱིར་བཏང་ཁྲིམས་འཛིན་ཐག་གཅོད་ཀྱི་ནུས་ཕྱོད་བརྒྱུད་དེ་ངོས་འཛིན་བྱེད་པ་ཡིན་ཏེ། གོང་དུ་བརྗོད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་གཞན། ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་པར་ད་དུང་འོས་མཐུན་ཚད་གཞི་ཞིག་བཀོད་སྒྲིག་བྱས་ཡོད་དེ། “ལུགས་མཐུན་གྱི་རྒྱུ་མཚན”ཞིག་ཡོད་དགོས། ཕ་བུའི་འབྲེལ་བ་དབྱེ་གཅོད་བདེན་དཔང་ཐོབ་པ་དང་བྱིས་པའི་ཨ་མས་ངོས་ལེན་བྱུང་བའི་ཡིག་ངོས་བདེན་དཔང་། སྒྲ་ཕབ། བརྙན་ཕབ་སོགས་ཡོད་ན་ད་གཟོད་ཕ་བུའི་འབྲེལ་བ་ངོས་འཛིན་པའི་གཏུག་བཤེར་བྱེད་ཆོག
གྱོད་དཔེ།
ལྷ་དཔལ་དང་གཡང་སྐྱིད་གཉིས་མཛའ་གྲོགས་བསྒྲིགས་ནས་ལོ་ངོ་གཅིག་ཙམ་འགོར་རྗེས། གཡང་སྐྱིད་ལ་མངལ་ཆགས་པས་ཁོ་གཉིས་ཕ་ཡུལ་ནས་གཉེན་བསྒྲིགས་པ་དང་། ཟླ་ངོ་དགུ་ལྷག་འགོར་རྗེས་བུ་མོ་སྙིང་ལ་རྗེ་བོ་ཞིག་སྐྱེས། ལྷ་དཔལ་གྱིས་བུ་མོའི་སྐྲ་མདོག་སེར་པོ་ཡིན་ཞིང་། ཁོ་བཟའ་ཟླ་གཉིས་ཀྱི་སྐྲ་མདོག་ནག་པོ་ཡིན་པར་མ་ཟད། བཞིན་རས་སོགས་ཀྱང་རང་ཉིད་ལ་ཟུར་ཙམ་ཡང་མི་རིག་པས། བུ་མོ་རང་གི་ཤ་ལས་ཆད་པ་མིན་པར་དོགས་པ་སྐྱེས་ཏེ། བསྐྱེད་བུ་དབྱེ་གཅོད་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས། ལྷ་དཔལ་གྱི་སེམས་ཁྲལ་དེ་ཇི་ལྟར་བསལ་དགོས་སམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདིའི་རྩོད་གཞི་ནི་ལྷ་དཔལ་ལ་ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་དབང་ཡོད་མེད་ལ་ཐུག་ཡོད་དེ། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། ཕ་མ་གཉིས་ཀ་སུ་ཡིན་ཡང་མི་དམངས་ཁྲིམས་ཁང་དུ་གཏུག་བཤེར་བྱས་ཏེ། ཕ་བུའི་འབྲེལ་བ་ངོས་འཛིན་དང་ཡང་ན་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོག གྱོད་དོན་འདིའི་ནང་དུ། ལྷ་དཔལ་གྱིས་བུ་མོ་རང་གི་བུ་ཕྲུག་ངོ་མ་ཡིན་པ་ཁས་མི་ལེན་པའི་བྱ་སྤྱོད་དེ་ནི་ཕ་བུའི་འབྲེལ་བ་ཁས་མ་བླངས་པར་གཏོགས་པ་རེད། ལྷ་དཔལ་དང་གཡང་སྐྱིད་གཉིས་ཀྱི་བར་ལ་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ་སྐྱེས་པའི་བུ་མོ་ནི་བཟའ་ཟླ་གཉིས་གཉེན་བསྒྲིགས་ནས་སྐྱེས་པ་ཡིན་པར་རིགས་འདེད་བྱེད་དགོས་ལ། གལ་ཏེ་ལྷ་དཔལ་ལ་བསམ་ཚུལ་མི་མཐུན་པ་ཡོད་ཚེ། སྔོན་ལ་བུ་བསྐྱེད་དབྱེ་གཅོད་བྱས་ཏེ་བུ་མོ་རང་གི་བུ་ཕྲུག་ངོ་མ་ཡིན་མིན་བདེན་དཔང་བྱེད་ཆོག གལ་ཏེ་དབྱེ་གཅོད་བྱས་པ་བརྒྱུད་བུ་མོ་རང་གི་བུ་ཕྲུག་ངོ་མ་མིན་པ་བདེན་དཔང་བྱས་ཚེ། ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཕ་བུའི་འབྲེལ་བ་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོག གལ་ཏེ་ཁྲིམས་ཁང་གིས་ལྷ་དཔལ་དང་བུ་མོའི་བར་དུ་ཕ་བུའི་འབྲེལ་བ་མེད་པའི་ཁྲིམས་ཐག་བཅད་ན། ལྷ་དཔལ་གྱིས་བུ་མོ་སྙོར་སྐྱོང་བྱེད་རྒྱུ་ཁས་མ་བླངས་ན་ཆོག
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1073པ། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། ཨ་ཕའམ་ཡང་ན་ཨ་མས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། ཕ་བུའི་འབྲེལ་བ་ངོས་འཛིན་ནམ་རྩིས་མེད་དུ་གཏོང་བའི་རེ་འདུན་ཞུས་ཆོག
ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པར་མ་ཟད་ལུགས་མཐུན་གྱི་རྒྱུ་མཚན་ཡོད་ཚེ། བུ་ཕྲུག་དར་མས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་པའི་རེ་འདུན་ཞུས་ཆོག
ཁྲིམས་ཚན་ཞིབ་འགྲེལ།
ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་ཕ་བུའི་འབྲེལ་བ་ངོས་འཛིན་ཐད་ཀྱི་བཅའ་ཁྲིམས་གཏན་འབེབས་རེད།
ཕ་བུའི་འབྲེལ་བ་ཞེས་པ་ནི་ཕ་མ་དང་བུ་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བར་གོ་བ་ཡིན། ཕ་བུའི་འབྲེལ་བར་བསམ་ཚུལ་མི་མཐུན་པ་ཡོད་པའི་གནས་ཚུལ་ལ་རིགས་གཉིས་ཡོད་དེ། (གཅིག)ཕ་བུའི་འབྲེལ་བ་ཁས་ལེན་མི་བྱེད་པ། དེ་ནི་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་ཁས་མི་ལེན་པ་སྟེ། དོ་བདག་པར་གཉེན་བསྒྲིགས་རྗེས་སྐྱེས་པའི་བུ་ཕྲུག་དེ་རང་གི་བུ་ཕྲུག་ངོ་མ་མིན་པར་གཏུག་བཤེར་བྱེད་པའི་རེ་འདུན་ཞུ་དབང་ཡོད་པར་གོ་བ་ཡིན། (གཉིས)ཕ་བུའི་འབྲེལ་བ་ངོས་འཛིན་ཞེས་པ་ནི་གཉེན་སྒྲིག་གི་འབྲེལ་བ་མེད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་ངོས་ལེན་བྱེད་པ་སྟེ། ཨ་ཕ་ངོ་མས་གཉེན་སྒྲིག་གི་འབྲེལ་བ་མེད་པའི་སྐབས་སུ་སྐྱེས་པའི་བུ་ཕྲུག་དེ་རང་གི་བུ་ཕྲུག་ཡིན་པར་ངོས་ལེན་བྱེད་པའི་གནས་ཚུལ་ལ་གོ་བ་ཡིན།
དམངས་དོན་ཁྲིམས་གཞུང་གིས་ཕ་བུའི་འབྲེལ་བ་དེར་སྤྱིར་བཏང་ཁྲིམས་འཛིན་ཐག་གཅོད་ཀྱི་ནུས་ཕྱོད་བརྒྱུད་དེ་ངོས་འཛིན་བྱེད་པ་ཡིན་ཏེ། གོང་དུ་བརྗོད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་གཞན། ཕ་བུའི་འབྲེལ་བ་ངོས་འཛིན་བྱེད་པར་ད་དུང་འོས་མཐུན་ཚད་གཞི་ཞིག་བཀོད་སྒྲིག་བྱས་ཡོད་དེ། “ལུགས་མཐུན་གྱི་རྒྱུ་མཚན”ཞིག་ཡོད་དགོས། ཕ་བུའི་འབྲེལ་བ་དབྱེ་གཅོད་བདེན་དཔང་ཐོབ་པ་དང་བྱིས་པའི་ཨ་མས་ངོས་ལེན་བྱུང་བའི་ཡིག་ངོས་བདེན་དཔང་། སྒྲ་ཕབ། བརྙན་ཕབ་སོགས་ཡོད་ན་ད་གཟོད་ཕ་བུའི་འབྲེལ་བ་ངོས་འཛིན་པའི་གཏུག་བཤེར་བྱེད་ཆོག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注