ཅི་ཞིག་ལ་དམངས་དོན་ཁེ་དབང་ཟེར།

དམངས་དོན་ཁེ་དབང་ནི་དམངས་དོན་བྱེད་པོས་དམངས་དོན་བཅའ་ཁྲིམས་ལ་བརྟེན་ནས་ཐོབ་པའི་བྱ་སྤྱོད་ངེས་ཅན་ཞིག་སྤེལ་ཆོག་པའམ་ཡང་ན་ཁེ་ཕན་ངེས་ཅན་ཞིག་ཐོབ་ཆོག་པའི་བཅའ་ཁྲིམས་ཀྱི་ཐོབ་ཐང་ལ་ཟེར། སྟབས་བདེ་སྒོ་ནས་བཤད་ན། ཁེ་དབང་འཛིན་མཁན་གྱིས་བྱ་སྤྱོད་ངེས་ཅན་ཞིག་ལག་བསྟར་བྱེད་མིན་གྱི་འདེམས་གསེས་ཀྱི་བྱེད་དབང་ལ་ཟེར། དམངས་དོན་ཁེ་དབང་ནི་སྤྱི་དམངས་ལ་སྤྱི་ཚོགས་སྟེང་འཚོ་བ་དང་གནས་པའི་ཆེས་གཞི་རྩའི་ཁེ་དབང་ཡིན་ལ། ཡང་སྤྱི་དམངས་ཀྱི་ཉིན་རྒྱུན་གྱི་འཚོ་བ་དང་འབྲེལ་བ་ཆེས་དམ་པའི་ཁེ་དབང་ཞིག་ཀྱང་ཡིན།

བཅའ་ཁྲིམས་ཀྱིས་དབྱེ་ཞིབ།

དམངས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དམངས་དོན་ཁེ་དབང་ལ་གཙོ་བོ་རིགས་ལྔ་ཡོད།

1.རྒྱུ་ནོར་གྱི་བདག་དབང་། རྒྱུ་ནོར་གྱི་བདག་དབང་ནི་རྒྱུ་ནོར་བདག་དབང་འཛིན་མཁན་ལ་ཁྲིམས་ལྟར་རང་ཉིད་ཀྱི་རྒྱུ་ནོར་དེར་བདག་བཟུང་དང་། བེད་སྤྱོད། ཁེ་ཕན་ཐོབ་པ་དང་ཐག་གཅོད་བྱེད་དབང་བཅས་ཡོད་པ་ལ་ཟེར།

2.བུན་དབང་། བུ་ལོན་ནི་གན་རྒྱའི་ཁ་ཆད་དམ་ཡང་ན་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་དོ་བདག་བར་བྱུང་བའི་དམིགས་བསལ་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ལ་ཟེར།

3.མི་ལུས་ཀྱི་ཁེ་དབང་། མི་ལུས་ཀྱི་ཁེ་དབང་ཞེས་པ་ནི་བཅའ་ཁྲིམས་སུ་དམངས་དོན་གྱི་བྱེད་པོར་བསྩལ་བའི་དེའི་ཚེ་སྲོག་དང་ལུས་ཕུང་ཡུན་སྲིང་བར་འབྲེལ་མེད་ཡིན་ཞིང་ཐད་ཀར་རྒྱུ་ནོར་གྱི་ནང་དོན་མེད་པའི་དམངས་དོན་གྱི་ཁེ་དབང་ལ་ཟེར།

4.ཤེས་ཡོན་གྱི་ཐོན་དབང་། དེར་ཤེས་རིག་གི་གྲུབ་འབྲས་ཐོབ་དབང་ཡང་ཟེར། དེ་ནི་ཤེས་རིག་གི་གྲུབ་འབྲས་གསར་གཏོད་བྱེད་མཁན་དང་བཟོ་ཚོང་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་རྟགས་མཚན་གྱི་བདག་དབང་མཁན་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་གི་སྤྱི་མིང་ལ་ཟེར།

5.རྒྱུ་ནོར་ཤུལ་འཛིན་བྱེད་དབང་། རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཞེས་པ་ནི་སྤྱི་དམངས་ཀྱིས་ཁྲིམས་ལྟར་འདས་པོས་མི་སྒེར་ལ་བཞག་པའི་ཁྲིམས་མཐུན་རྒྱུ་ནོར་གྱི་ཁེ་དབང་ལ་ཟེར།

དམངས་དོན་གྱི་ཁེ་དབང་དང་དེ་བཞིན་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད་པས་རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་བཙན་གནོན་བྱས་མི་ཆོག བཙན་གནོན་བྱས་མི་ཆོག་པ་ནི་རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་སྐྱེ་བོ་གཞན་པའི་དམངས་དོན་ཁེ་དབང་དང་ཁེ་དབང་གཞན་དག་ཁྲིམས་འགལ་གྱིས་བཙན་བཟུང་དང་ཚོད་འཛིན། བཙན་འཕྲོག་བཅས་བྱས་མི་ཆོག་ལ། སྐྱེ་བོ་གཞན་པས་རྒྱུན་ལྡན་གྱི་དམངས་དོན་ཁེ་དབང་དང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་སྤྱོད་པར་ཐེ་གཏོགས་བྱས་མི་ཆོག་ཟེར་བ་ཡང་ཡིན།

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་དགུ་པར།“མི་ལུས་རང་དབང་དང་། མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ” རང་བྱུང་མིའི་མི་ལུས་རང་དབང་དང་། མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་པར།“དམངས་དོན་བྱེད་པོའི་མིའི་ཐོབ་ཐང་གི་དབང་ཆ”རང་བྱུང་མིར་ཚེ་སྲོག་གི་དབང་ཆ་དང་ལུས་ཁམས་ཀྱི་དབང་ཆ། བདེ་ཐང་གི་ཁེ་དབང་། རང་མིང་ཐོབ་དབང་། འདྲ་པར་གྱི་བདག་དབང་། མིང་གྲགས་ཐོབ་དབང་། གཟི་བརྗིད་མཚན་སྙན་ཐོབ་དབང་། གསང་དོན་སྲུང་དབང་། གཉེན་སྒྲིག་རང་དབང་སོགས་ཀྱི་ཁེ་དབང་ཡོད།

ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་ལ་མིང་དང་མིང་གྲགས་ཐོབ་དབང་། མཚན་སྙན་ཐོབ་དབང་བཅས་ཡོད།

དོན་ཚན111པ།“མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ”རང་བྱུང་མིའི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་མི་གཞན་པའི་སྒེར་གྱི་ཆ་འཕྲིན་ཐོབ་དགོས་ཚེ། ཁྲིམས་ལྟར་ལེན་དགོས་པར་མ་ཟད་ཆ་འཕྲིན་དེའི་བདེ་འཇགས་ལ་འགན་ལེན་ཡང་བྱེད་དགོས་ལས། མི་གཞན་གྱི་ཆ་འཕྲིན་དེ་ཁྲིམས་འགལ་ངང་སྡུད་སྒྲུག་དང་བེད་སྤྱོད། ལས་སྣོན། བརྒྱུད་གཏོང་བཅས་བྱེད་མི་ཆོག་པ་དང་། མི་གཞན་གྱི་ཆ་འཕྲིན་དེ་ཁྲིམས་འགལ་ངང་ཉོ་ཚོང་དང་། མཁོ་འདོན། ཡོངས་བསྒྲགས་བཅས་ཡང་བྱས་མི་ཆོག

དོན་ཚན112པ།“གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་བྱུང་བའི་མི་ལུས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ”རང་བྱུང་མི་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སོགས་ལས་བྱུང་བའི་མི་ལུས་ཀྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ།

དོན་ཚན113པ།“རྒྱུ་ནོར་གྱི་ཁེ་དབང་འདྲ་མཉམ་གྱིས་སྲུང་སྐྱོང་བྱེད་པ”དམངས་དོན་གྱི་བྱེད་པོའི་རྒྱུ་ནོར་གྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་གྱིས་སྲུང་སྐྱོང་བྱ་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号