སྤོ་ལོའི་འགྲན་རར་བོད་རིགས་བྱིས་པ་འདི་ཚོ་སྐུ་མགྲོན་དུ་སླེབས།


图片

    ཟླ6པའི་ཚེས2ཉིན་གྱི་དགོང་མོར།  པེ་ཅིང་བཟོ་བའི་ལུས་རྩལ་ཐང་དུ་པེ་ཅིང་གོ་ཨན་དང་ཁྲང་ཁྲུན་ཡ་ཐའེ་ཡི་ཀྲུང་གོའི་རིམ་འདས་འགྲན་བསྡུར་རེས་འཁོར11པ་བྱས་པ་རེད། མཚོ་སྔོན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་གི་བོད་ཀྱི་གཞོན་ནུ་ལོ་ཆུང6སྤོ་ལོ་རྒྱག་མཁན་དང་མཉམ་དུ་ལུས་རྩལ་ཐང་དུ་བསྐྱོད། སྤོ་ལོ་ར་བའི་བརྙན་ངོས་སུ་ཡུལ་ཤུལ་གྱི་གཞོན་ནུ་ལོ་ཆུང་ཚོའི་བརྗོད་གཞི་བརྙན་ཐུང་དང་། ཨོ་རྒྱན་རིག་འཛིན་དང་། བཟང་པོ། ཚེ་རིང་རྡོ་རྗེ། ཕུར་བུ་རྣམ་རྒྱལ། ཨ་ཕུན། ཞུ་ལུ་ཚེ་རིང་སོགས་ཀྱི་མིང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནསLEDབརྙན་ཤེལ་ངོར་འཆར་བ་དང་། འགྲན་ར་ཡུལ་དངོས་སུ་ལྟད་མོ་བའི་དགའ་འབོད་ཀྱིས་ཁེངས།

图片
   
    སྤོ་ལོ་ཕྲུ་གུ་ལོ་ཆུང་ཤོས་ནི་ལོ8དང་ལོ་ཆེ་ཤོས་དེ14རེད། རྐང་རྩེད་སྤོ་ལོ་དར་སྲོལ་ཆེ་བའི་ཡུལ་ཤུལ་དུ་འཚར་ལོངས་བྱུང་བའི་བྱིས་པ་ཚོ་ཆུང་དུས་ནས་རྐང་རྩེད་སྤོ་ལོར་དགའ་ཞེན་ཡོད། ལོ་ཆེས་ཆུང་བའི་ཨོ་རྒྱན་རིག་འཛིན་ནི་གཟུགས་པོ་ཆེན་པོ་མེད་ཀྱང་། རང་ཉིད་ཀྱི་དགའ་ཞེན་ཆེ་བའི་རྐང་རྩེད་སྤོ་ལོའི་སྐོར་ལ་རྒྱུས་མངའ་ཧ་ཅང་ཆེ། གྲོགས་པོ་ཚོས་ཁོ་ལ“མའེ་ཞི་ཆུང་བ”ཞེས་འབོད་བཞིན་ཡོད། “ཡུལ་ཤུལ་གྱིCལོ”ཞེས་འབོད་པའི་ཨ་ཕུན་དང་མིང་ལ“ཤིས་ཤིས”ཞེས་འབོད་པའི་ཞུ་ལུ་ཚེ་རིང་གཉིས་ནི་གྲོགས་པོ་རེད། ཨ་ཕུན་ནི་ཕོར་ཐིའུ་ཀལ་རུ་ཁག་ལ་དགའ་མཁན་ཞིག་ཡིན་ཞིངCལོ་ལ་ཧ་ཅང་དགའ། ཞུ་ལུ་ཚེ་རིང་གིས་གདོང་ལེན་བྱེད་མཁས་ལ། ཁོའི་སེམས་ཀྱི་དཔའ་རྒོད་ནི་ནེ་མར་ཡིན་ལ་པར་ཙིར་རུ་ཁག་ལ་དགའ་ཞེན་བྱེད་མཁན་ངོ་མ་ཞིག་ཡིན།

图片

    ཞུ་ལུ་ཚེ་རིང་གིས་སྤོ་ལོ་བ་ཇོ་ལགས་ཀྱི་ལག་པར་འཇུས་ནས་ལུས་རྩལ་ཐང་དུ་བསྐྱོད་སྐབས། ཁོ་རང་ཧ་ཅང་དགའ་པོ་བྱུང་ལ་སེམས་ལ་དྲོ་སྐྱིད་ཀྱིས་ཁེངས་པས། རང་ཉིད་ཀྱི་ཕུགས་འདུན་སྔར་བས་བརྟན་དུ་གྱུར། སློབ་སྦྱོང་ཡག་པོ་བྱས་ནས་མ་འོངས་པར་འདིར་ཡོང་ནས་སྤོ་ལོ་རྒྱག་རྒྱུ་ཡིན་ཞེས་བཤད།

    དོན་གྲུབ་དབང་ལྡན་ནི་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་གི་དགེ་རྒན་ཡིན་ལ་བྱིས་པ་ཚོའི་དུས་རྒྱུན་གྱི་རྩལ་ཁྲིད་པའང་ཡིན།  ཁོང་གིས“བཟོ་བའི་ལུས་རྩལ་ཐང་གསར་པའི”ནང་ཕྲུ་གུ་ཚོས་ལུས་ལ་བོད་ཆས་གྱོན་ནས་ལུས་རྩལ་ཐང་དུ་སླེབས་པ་དང་། བྱིས་པ་ཚོའི་མིང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནསLEDབརྙན་ཤེལ་ངོར་འཆར་བ་མཐོང་དུས། སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད། ཁོང་གིས་ད་ཐེངས་ཀྱི་འགྲན་བསྡུར་བརྒྱུད་བྱིས་པ་ཚོས་དྲིན་ཚོར་བ་དང་ཆབས་ཅིག་མེས་རྒྱལ་རླབས་ཆེན་གྱི་ཉམས་འགྱུར་མྱོང་ཚོར་ཐུབ་པ་མ་ཟད། གོ་ཨན་རུ་ཁག་གི་འགྲན་བསྡུར་ཁྲོད་དཔའ་ངར་གྱི་སེམས་ཤུགས་དང་འགྱུར་མེད་ཀྱི་སྙིང་སྟོབས་སྦྱོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

   ཉིན་དེའི་དགོང་མོར། སྤོ་ལོ་ཕྲུ་གུ་དྲུག་གི་གྲོགས་པོ་ཆུང་ཆུང34ཡང་བཟོ་པའི་ལུས་རྩལ་ཐང་དུ་འབྱོར་ཡོད། ལོ16ལ་སླེབས་པའི་ནོར་འཛིན་ལྷ་མོ་ནི་དཔུང་ཁག་ནང་གི་ཨ་ཅག་ཡིན་པ་དང་། མོ་རང་གིས་གཅུང་པོ་ཚོར་འཚབ་འཚུབ་མ་བྱེད་ཅེས་སེམས་གསོ་ཡང་ཡང་བྱས། ཡུལ་ཤུལ་གྱི་བོད་རིགས་ཕྲུ་གུ་ཚོའི་བརྙན་དེ་བཟོ་པའི་ལུས་རྩལ་ཐང་གི་བརྙན་ཤེལ་ཆེན་པོའི་ངོར་བསྟན་པ་མཐོང་དུས། མོ་རང་ཡང་ཧ་ཅང་དགའ་པོ་བྱུང་འདུག



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号