ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་བརྗོད་དོན་སློབ་གསོའི་འབྲེལ་ཡོད་བླང་བྱ་ལྟར།  ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་མགོན་པོ་བཀྲ་ཤིས་སོགས་འགན་ལེན་འབྲེལ་འདྲིས་རྫོང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས།   ཁོ་ཚོ་སྔ་གཞུག་ཏུ་ཏུང་ཀུའུ་ཡུལ་ཚོ་ཉན་ཞན་སྡེ་བ་དང་ཏ་ཀྲོང་སྡེ་བ་སོགས་སུ་ཟབ་ཞུགས་བྱས་ཏེ་བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་ལྟ་ཞིབ།   ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱེད་པའི་རྣམ་པ་བརྒྱུད་དེ་གཞི་རིམ་ལས་བྱེད་མང་ཚོགས་དང་ཁ་བརྡ་བྱས་པ་དང་འཕེལ་རྒྱས་གླེང་བ། ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་པར་མ་ཟད།  འགན་ལེན་འབྲེལ་འདྲིས་སྡེ་བའི་དག་ཐེར་ལེགས་བཅོས་གནས་ཚུལ་དང་ཁྱིམ་སྲིད་ཞབས་ཞུ།   ཧོར་རིགས་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་།   གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་མཉམ་དུ་ཞིབ་འཇུག་དང་འཆར་འགོད་བྱས།

དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱས་པའི་ཐད་ཀྱི་གནས་ཚུལ་སྙན་ཞུར་ཉན་པ་དང་།    གོ་རིམ་རྗེས་མའི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན།    ཁོས་བསྟན་དོན།   ཧུའུ་ཀྲུའུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་རེ་བ་ནན་མོ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཏུ་བརྩིས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱས་པ་དང་།   ཡང་འབད་བསྐྱར་འབད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གོམ་སྟབས་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་བ་དང་།   མཁར་གྲོང་གི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་བར་མ་ཟད།   མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་།  བདེ་སྣང་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།    མིག་སྔར་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་དགོས་པ་དང་།   རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བཟང་བོ་བྱེད་རྒྱུ་དམ་འཛིན་བྱེད་པ།   ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ།   མི་སྡོད་ཁོར་ཡུག་ལེགས་བཅོས་སྤུས་འདེགས་ལ་སྐུལ་འདེད་ནན་མོ་གཏོང་བ།   ཞིང་བ་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་བསྐྱེད་པ།  དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་དགོས།   བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ་དང་བྱ་བའི་འདུ་ཤེས་གསར་སྐྲུན་བྱེད་པ།   ཧུའུ་ཀྲུའུ་ཡི་སྐྱེ་ཁམས་དང་རིག་གནས། མཐོ་སྒང་ཁམས་གསོ་སོགས་ཕྱོགས་ཀྱི་སྦས་ཤུགས་དང་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ།   ཁྱད་ལྡན་འདེབས་གསོ་དང་ཧོར་རིགས་འཚེམ་དྲུབ།   ཁྱིམ་སྲིད་ཞབས་ཞུ།  གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།   ཁྲོམ་ར་རྒྱ་བསྐྱེད་དང་ཐོན་རྫས་ལེགས་བསྒྱུར།   ཚོང་རྟགས་བསྐྲུན་པ་སོགས་ཀྱི་ཐད་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ལེན་པར་འབད་པ་བྱས་ཏེ་ཞིང་ལས་ཞིང་སྡེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་བའི་བློ་མཐུན་རྣམས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡེ་རྟོག་ཞིབ་ལ་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号