མཚོ་སྔོན་རྨ་ལྷོ་ཡིས་ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།   

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་རྫོང་ཁག་གིས“དྲ་ཐོག་+དྲ་ཕྱི”ཡི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་སྔ་རྗེས་སུ་སྤེལ་བ་མ་ཟད། ཞིང་ཆེན་ཕྱི་ནང་མཐུན་སྦྱོར་དང་མཉམ་འགུལ་ཡོང་བར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

འདི་ལོར་རྨ་ལྷོ་ཁུལ་གྱིས“གྲོང་ཁྱེར་ཆེ་འབྲིང་གིས་མཉམ་དུ་ལས་མི་བསྡུ་བའི”སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོར་བརྟེན་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་འབྲེལ་མཐུད་ལས་སྟེགས་བཏོད་ནས“ཚོགས་སྒྲིག་རྣམ་པ”དང་། “མགོ་མཇུག་གཙང་སྒྲིལ” “གནས་དང་གནས་གཏུག་པ”བཅས་ཀྱི་ལས་མི་བཀོལ་སྤྱོད་འགན་སྲུང་གི་ཞབས་འདེགས་ཞུས་པར་ཁུལ་ཡོངས་སུ་སློབ་གྲྭ་ཐོན་ཡང་ལས་ཞུགས་ཐུབ་མེད་པའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ941ཐོ་འགོད་བྱས་པ་དང་མི832ལས་ཞུགས་ཐུབ་སྟེ་ཐོ་འགོད་དང་ལས་ཞུགས་བྱེད་ཚད88.42%ཟིན་ནས་ཐོག་མཐའ་བར་གསུམ་དུ87%ཡན་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག ཁ་གཏད་རོགས་སྐྱོར་དང་མི་སྤྱི་སྡེ་ཚན་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་ནས་མཚོ་འགྲམ་ཁུལ་གསར་གྱི་བྱ་གཞག་ཚན་པས་གནས་གཏན་འཁེལ་གྱི་ཐེམ་ཁུངས་རྨ་ལྷོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ30བསྡུ་བར་སྐུལ་འདེད་བཏང་བ་རེད།

མཁོ་སྤྲོད་ཕྱོགས་གཉིས་པོ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད། ཁུལ་དེས“གནད་སྨིན་མཐུན་སྒྲིག”ལ་དམ་འཛིན་ཏན་ཏིག་བྱས་ནས་སྲིད་གཞུང་དང་ཁེ་ལས་ཕྱི་ནང་མཐུན་སྦྱོར་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁུལ་དང་གྲོང་ཁྱེར(རྫོང)རིམ་པ་གཉིས་ཀྱི་གཙོ་གནད་ཁེ་ལས་ཀྱི་ལས་མི་སྤྱོད་པའི་ཞབས་ཞུའི་འགན་ལེན་བྱེད་པའི་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱི་ལས་མི་བསྡུ་བ་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་དངོས་ཡོད་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ཁེ་ལས་ཁག་ལ་ལྕག་སྐུལ་དང་སྣེ་ཁྲིད་དེ་ས་གནས་དེ་རང་ནས་ལས་མི3000ལྷག་ཙམ་བསྡུས་པ་མ་ཟད། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་དང་ངལ་ནུས་བར་གཉེར་བའི་ནུས་པ་ཐོན་པར་སྐུལ་འདེད་བཏང་ནས། “དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བར་ཞིང་པ་ལས་མིར་གཅིག་སྡུད་དགའ་སྐྱེལ་ཞུ་བའི་མཛད་སྒོ”གཉེར་ཏེ། ཆེད་གཏོང་རླངས་འཁོར་འགན་ལེན་བྱས་པ་དང་འབྲེལ། ཀྲེ་ཅང་དང་། ཅང་སུའུ། ཤིས་ཨན། ཀན་སུའུ་སོགས་ཀྱི་ས་ཆར་ཞིང་པ་ལས་མི་500བསྐྱལ་བ་རེད།

དེ་དང་དུས་མཚུངས་སུ་རྨ་ལྷོ་ཁུལ་གྱིས་དུས་ཆེན་རྗེས་ཀྱི་ཁེ་ལས་ལས་ཐོན་བསྐྱར་ཚུགས་ཀྱི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཏེ། “དྲ་ཐོག་ནས་ལས་མི་བསྡུ་བ་+ལས་གནས་ངོ་སྤྲོད་ཐད་གཏོང”སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཐེངས19སྤེལ་བར་ལས་གནས་ཁྲི1ལྷག་ཙམ་འོས་སྦྱོར་བྱས་ཡོད། “རེབ་གོང་སྒྱུ་རྩལ”དང“རེབ་གོང་གི་ལི་སེར་པོ”སོགས་སྲོལ་རྒྱུན་གྱི་ཁྱད་ལྡན་ངལ་ནུས་སྤུས་རྟགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས“རྩེ་ཁོག་གི་འབྲོག་ཟོག་སྤུས་དག”དང“གཅན་ཚ་བདེ་སྐྱིད་ཤང་གི་གྲོང་གསེབ་ཡུལ་སྐོར”སོགས་ས་གནས་ཀྱི་ངལ་ནུས་སྤུས་རྟགས་ཧུར་ཐག་བཏོད་དེ་ལས་ཞུགས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号