• བརྗོད་ཀྱིས་མི་ལང་བའི་གསེར་དངུལ་ཐང་།

  • བསིལ་རླུང་དལ་བུར་ལྡང་ནས་སྤྲིན་གྱི་ཡོལ་བ་ཕྱེ་སྟེ་དྲོ་འཇམ་ཉི་འོད་རྩྭ་ཐང་ཡོངས་སུ་འཕྲོས། ས་མཐོའི་བྱི་བ་ཞིག་གིས་རྩྭ་གསེབ་ནས་མགོ་ཀེར་ཀེར་བྱས་ཏེ་མིག་གི་གང་སྙོབ་ས་ལ་ཅེ་རེར་བལྟས་ནས་བསྡད་ཡོད་པ་དང་། ཨ་ཅག་ཆོས་དབྱངས་སྐྱིད་ཀྱིས་ནོར་ཁྱུ་འདེད་བཞིན་མཆིས།

    བྱིས་པ་འདིས་རང་ཉིད་ཀྱི་མིག་མདུན་གྱི་ནོར་རྫི་བུ་མོ་དེས་སའི་གོ་ལའི་སྣེ་གཞན་ཞིག་ཏུ་ལོ་རྒྱུས་གང་འདྲ་ཞིག་གཏོད་མིན་མི་ཤེས་ལ། རང་ཉིད་འཚོ་སའི་ས་གཞི་འདིས་སྔོན་ཆད་ལོ་རྒྱུས་ཀྱི་གདམ་གའི་ཁྲོད་འགྱུར་ལྡོག་ཅི་འདྲ་ཞིག་གི་བདེན་དཔང་བྱས་མིན་དང་། ཡང་དུས་རབས་ཀྱི་གོ་སྐབས་འོག་ཇི་ལྟར་བྱས་ནས་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་མིན་དེ་བས་ཀྱང་ཤེས་ཀྱི་མེད།

    “ལུས་རྩལ་གྱིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ”

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དེའི་ཐོག་གསེར་མདོག་ཅན་གྱི་ཅིན་ལུའུ་མེ་དང་དངུལ་མདོག་ཅན་གྱི་དབྱིན་ལུའུ་མེ་ཡི་མེ་ཏོག་ཆུང་ཆུང་མི་འདྲ་བ་གཉིས་ཡོད་པས། རྩྭ་ཐང་དེའི་མིང་ལ“གསེར་དངུལ་ཐང”ཞེས་ཐོགས་པ་རེད། དུས་ཡུན་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང“གསེར་དངུལ་ཐང”ཀྲུང་གོ་གསར་པའི་ས་བཀྲའི་ཐོག་མངོན་གྱི་མེད་པར“རྒྱལ་གཉེར221བཟོ་གྲྭ”ཞེས་འབོད་ཀྱི་ཡོད། གང་ལགས་ཤེ་ན། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་ཏན་འབར་མདེལ་དེ་གར་ཞིབ་བཟོ་ལེགས་གྲུབ་བྱུང་བས་རེད། རྗེས་སུ་ཡང“རྡུལ་ཕྲན་གྲོང་ཁྱེར”ཞེས་འབོད་ཀྱི་ཡོད། དེ་བས་སྔ་བའི་ལོ་རབས་སུ་ཝང་ལུའོ་པིན་གྱིས་དེ་གར་དམངས་གཞས་འཚོལ་བསྡུ་བྱས་ནས་མི་རབས་ནས་མི་རབས་བར་ཁྱབ་པའི་དམངས་གཞས《ཐག་རིང་གི་ས་ཆ》ཞེས་པ་གསར་རྩོམ་བྱས་ཤིང་། དེ་ནི་རྩྭ་ཐང་དེའི་འཆར་ཡན་གྱི་ཉམས་སྣང་ཞིག་རེད།

    ཆོས་དབྱངས་སྐྱིད་མཚོ་བྱང་ཀྲོའུ་ཧའེ་ཡན་རྫོང་ཝ་འཇོག་ཤང་མཚོ་ཆུང་གྲོང་ཚོའི་འབྲོག་པའི་དུད་ཁྱིམ་ཞིག་ཏུ་སྐྱེས་པ་དང་། ཚང་མས་ཁོ་མོར་ཆོས་དབྱངས་ཞེས་འབོད་ཀྱི་ཡོད། 2012ལོར་ལོན་ཏོན་དུ་ཁོ་མོ་ཐོག་མར་ཨོ་རྩལ་འགྲན་ཚོགས་ནང་ཞུགས་སྐབས་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ་དང་། དེ་ནས་ཨང་དང་པོ་དང་གཉིས་པ་མེད་པ་བཟོས་སྟབས་ལོ་བཅུ་ཡི་རྗེས་སུ་ཁོ་མོར་ཨང་དང་པོ་ཐོབ་ནས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་བོད་རིགས་ཀྱི་ཨང་དང་པོ་ལེན་མཁན་དེ་རེད།

    ཆོས་དབྱངས་ཆུང་དུས་ཀྱི་འཚོ་བ་ནི“སྔ་དྲོ་ནོར་གནག་རི་ལ་སྐྱེལ་བ་དང་ཕྱི་དྲོ་ཐང་ལ་འབེབས་པ”དེ་རེད། གནས་ཚུལ་དེ་ནི་ཁོང་གི་དྲན་འཆར་ངོས་ནས་བསུབ་ཐབས་བྲལ་ཞིང་། “གལ་སྲིད་ལུས་རྩལ་གདམ་ག་བྱས་མེད་ཚེ་ང་ད་དུང་འབྲོག་ཁུལ་དུ་ནོར་ལུག་འཚོས་ནས་བསྡད་ཡོད་ངེས་རེད”ཅེས་བཤད།

    ལུས་རྩལ་ནི་ལུས་སྦྱོང་དང་འབྲེལ་བ་ཆེན་པོ་ཡོད་པས་ཁོང་འབྲོག་ར་ནས་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད། ཁོང་གིས་མཚོ་ནུབ་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ནས་མཚོ་བྱང་ཀྲོའུ་ལོ་ཆུང་བྱིས་པའི་ལས་ཞོར་ལུས་རྩལ་སློབ་གྲྭར་བསྐྱོད་པ་དང་། སླར་ཡང་མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་བསྐྱོད། རྒྱང་རྒྱུག་ནས་འདུར་རྒྱུག་འགྲན་བསྡུར་ལ་བསྒྱུར་རྗེས་ཁོ་མོས་སྔ་རྗེས་སུ་པེ་ཅིང་དང་ལོན་ཏོན་དུ་འགྲན་བསྡུར་བྱེད་པར་བསྐྱོད་པ་དང་། ཕྱིན་ཆད་ད་དུང་ཕ་རི་སིར་སྐྱོད་སྲིད།

    “ལུས་རྩལ་གྱིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་རེད་བསམ་མྱོང་མེད”ཅེས་ཆོས་དབྱངས་ཀྱིས་བཤད།

    2022ལོར། ལོ་31ལ་སླེབས་པའི་ཁོང་སླར་ཡང་སྐབས་རྐྱང་པའི་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་གཟེངས་བསྟོད་རྟགས་མ་གཉིས་ཐོབ་པའི་ཀྲུང་གོའི་བདམས་ཐོན་པ་དང་པོར་གྱུར་ཡོད། ས་ཆ་འདི་ནས་སྐྱེད་སྲིང་བྱས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཏེ། “མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེན། ཞུམ་མེད་རྩེར་སྙེག”ཆོས་དབྱངས་ཀྱིས་ལོ་བཅུ་གྲངས་འགའི་རིང་དངོས་སུ་ལག་ལེན་བསྟར་ཡོད།

    ཕ་ཡུལ་དུ་ལོག་སྐབས། འབྲོག་ཁུལ་གྱི་ཕྲུ་གུ་མང་པོ་ཞིག་ལ་རང་ཉིད་ཀྱི་ཤུགས་རྐྱེན་ཐེབས་ནས་ལུས་རྩལ་གྱི་ལམ་བུར་བསྐྱོད་པ་ཆོས་དབྱངས་ཀྱིས་ཤེས་རྟོགས་བྱུང་།

    “དེ་སྔ་རྒྱལ་ཁབ་ཀྱི་རུ་ཁག་ཏུ་བོད་རིགས་ང་ལས་མེད། ད་ཆ་བོད་རིགས་ལུས་རྩལ་པ་ཧ་ཅང་མང་པོ་ཡོད”ཅེས་ཆོས་དབྱངས་ཀྱིས་བཤད།

    འབྲོག་ཁུལ་དེ་ནས་ཐོན་པའི་ལུས་རྩལ་པ་ཆོས་དབྱངས་དང་། མཚོ་མོ་སྐྱིད། རིན་ཆེན་དོན་གྲུབ་བཅས་ཀྱིས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ནང་གསེར་དང་དངུལ་གྱི་རྟགས་མ་བླངས་པས་སློབ་གྲྭའི་སྐད་གྲགས་ཆོད་ཚད་ཀྱང་རིམ་བཞིན་ཆེ་རུ་ཕྱིན། ད་ཆ་སློབ་གྲྭ་དེ་ལས་ཞོར་ལུས་རྩལ་སློབ་གྲྭའི་སྒོ་བྱང་སོར་འཇོག་བྱས་པ་དང་ཆབས་ཅིག་མཚོ་བྱང་ཀྲོའུ་ཡི་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་སུ་གྱུར་ཡོད། ཆོས་དབྱངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་ས་དེས་ད་ཆ་མི་དེ་བས་མང་བར་བདེ་ཐང་དང་སྤྲོ་སྣང་ཡོང་བར་བྱེད་པའི་ཁུར་པོ་དང་དུ་བླངས་ཡོད།

    “མཛེས་སྡུག་དང་བརྗིད་ཉམས་ལྡན་པའི་ས་ཆ”

    “ཆུང་དུས་ང་ཚོས་རྡུལ་ཕྲན་གྲོང་ཞེས་གང་ལ་ཟེར་མིན་ཤེས་ཀྱི་མེད། ཆེན་པོ་ཆགས་རྗེས་དེ་གར་ང་ཚོ་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་ཆིང་ཏན་འབར་མདེལ་བཟོས་པ་གཞི་ནས་ཤེས་བྱུང”ཧའེ་ཡན་རྫོང་ཧར་ཅིན་སོག་རིགས་ཤང་ཆ་ཁོ་ཐར་འབྲོག་རའི་ཁྱིམ་དུ་ལོ་དྲུག་ཅུར་སླེབས་པའི་འབྲོག་པ་ཚེ་རིང་གིས“ང་ཚོའི་ས་ཆ་འདི་ནི་མཛེས་སྡུག་དང་བརྗིད་ཉམས་ལྡན་པ་ཞིག་རེད”ཅེས་ཕྱིར་དྲན་བྱེད་བཞིན་བཤད།

    ཚེ་རིང་ཁྱིམ་གྱི་ཚོམས་ཆེན་གྱི་གྱང་སྟེང་དུ་རྟ་རྒྱུག་འགྲན་བསྡུར་ནང་ཐོབ་པའི་བྱ་དགའ་དང་གཟེངས་བསྟོད་ལག་ཁྱེར་གྱིས་ཁེངས་འདུག ཚེ་རིང་གི་བཤད་པ་ལྟར་ན། ཁོང་གིས་ལོ་དྲུག་བདུན་ཙམ་ནས་རྟ་ཐོག་གི་འཚོ་བ་སྐྱེལ་འགོ་ཚུགས་པ་དང་། ལོ་བཅུ་ཉི་ཤུར་སྐད་གྲགས་ཆོད་པའི་རྟ་པ་ཞིག་ལ་གྱུར་ཡོད་པ་རེད།

    རྟ་བཞོན་པ་ནི་དགའ་ཕྱོགས་ཤིག་ཡིན་ལ། འཚོ་བའི་དགོས་མཁོ་ཞིག་དེ་བས་ཡིན། འབྲོག་ཁུལ་དུ་ཕྱུགས་འཚོ་བར་རྟ་བཞོན་ནས་འགྲོ་དགོས་ཀྱི་ཡོད། འོན་ཀྱང་འབྲོག་ཁུལ་ནས་རྫོང་གྲོང་གི་ཁྱིམ་དུ་ལོག་པར་རླངས་འཁོར་བཏང་ནས་འགྲོ་དགོས་པས། ལམ་བར་དུ་ཆོས་དབྱངས་ཀྱི་སྤྱི་ཕན་བརྡ་ཁྱབ་མང་པོ་ཞིག་མཐོང་རྒྱུ་ཡོད། ཆོས་དབྱངས་སྐྱིད་ནི་དངོས་འབྲེལ་གྱོང་པོ་རེད། ཁོང་ཞུགས་པའི་འདུར་རྒྱུག་འགྲན་བསྡུར་རྣམ་གྲངས་ལ་རང་ཉིད་ཧ་ཅང་དགའ་པོ་ཡོད། དེའི་རྒྱུག་སྟངས་ནི་རྟའི་འགྲོས་དང་ཧ་ཅང་འདྲ་པོ་འདུག གལ་སྲིད་གོམ་པ་འཁྲུག་ཚེ་འགྲན་བསྡུར་གྱི་ཐོབ་ཐང་མེད་པ་བཟོ་གི་ཡོད་ཅེས་ཚེ་རིང་གིས་བརྗོད།

    འགྲན་བསྡུར་དེ་ནི་རྟ་བཞོན་རྒྱུར་དགའ་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་བྱ་བ་ཧ་ཅང་གལ་ཆེན་ཞིག་རེད། ཚེ་རིང་ནི་ས་གནས་དེ་གའི་རྟ་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། “རྟ་རྒྱུག་འགྲན་བསྡུར་ག་དུས་བྱེད་ཀྱི་རེད་དམ། ལུས་རྩལ་འགྲན་ཚོགས་ག་དུས་གཉེར་གྱི་ཡོད་དམ”ཞེས་འབྲོག་པ་ཚོས་ཁོང་ལ་ཡང་ཡང་འདྲི་ཀྱི་ཡོད། ཚེ་རིང་གིས་དེ་སྔ་རྩྭ་ཐང་ཞིག་བརྩལ་ནས་དེ་གར་དར་ཆ་ཁ་ཤས་བཙུགས་ན་དེ་ནི་འགྲན་ར་རེད། ད་ཆ་གང་སར་ལུས་རྩལ་ཐང་ཡོད་པས“སྦྱར་ཡིག་སྦྱར་ནས་འགྲན་བསྡུར་བྱས་ན་འགྲིག”ཅེས་ལན་བཏབ།

    “ཁྱིམ་གྱི་སྒོ་རྩ་ནས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་ཕྱིན་པ”

    ཚེ་རིང་ཁྱིམ་གྱི་འབྲོག་རའི་ནུབ་ཕྱོགས་སུ་ལོ་ངོ་ཁྲི་ཡི་ས་གཤིས་ལས་འགུལ་གྱིས་མཚོ་བོད་ས་མཐོར་ཡིད་དབང་འཕྲོག་པའི་ཕ་ལམ་སྔོན་པོ་ཞིག་བསྒར་བ་ལྟར་སྣང་། མཚོ་སྔོན་པོའི་ངོགས་སུ་བློ་བཟང་རྒྱ་མཚོ་ཡིས་རྟག་ཏུ《ཐག་རིང་གི་ས་ཆ》ཞེས་པའི་གླུ་གཞས་དེ་གཏོང་གི་ཡོད།

    2002ལོར། མཚོ་སྔོན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་10དང་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལས་ཟིན་གྱི་མེད། ལོ་20ཡི་རིང་། གྲངས་ཀ་དེ་གཉིས་སྒོར་དུང་ཕྱུར་349.9དང་མི་ཐེངས་ཁྲི་3973.42བར་འགྱུར་ལྡོག་ཕྱིན་ཡོད། མི་མང་པོ་ཞིག་མཚོ་སྔོན་པོར་ལྟ་བར་ཡོང་བ་དང་ལོ་20ཡི་ནང་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གཉེར་བ་རེད། ཚེ་རིང་གི་བཤད་པ་ལྟར། མི་མང་པོ་ཞིག་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་མྱོང་རོལ་བྱེད་པར་ཡོང་ཡོད། ཁོང་ཚོ་མཚོ་སྔོན་དུ་འབྱོར་སྐབས་ཐོག་མར་མཐོང་བ་ནི་བློ་བཟང་རྒྱལ་མཚན་གྱི་རྟེན་གཞིའི་ས་ཚིགས་འབྲེལ་མཐུད་པ་ཡིན་སྲིད།

    རྐང་འཁོར་བཞོན་མཁན་དེ་དག་ལ་བློ་བཟང་དང་གྲོགས་པོས་བཙུགས་པའི་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་རྟེན་གཞིས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་པ་སྟེ། ས་ཚིགས་འབྲེལ་མཐུད་དང་། རླངས་འཁོར་བོགས་གཏོང་། རྐང་འཁོར་བཞོན་ནས་མཚོ་སྔོན་པོ་སྐོར་བ་བཅས་ཀྱི་ཟ་ཁང་དང་ཉལ་ཁང་འགན་ལེན་གྱི་ཞབས་འདེགས་ས་ཚིགས་སུ་ཐད་ཀར་ཞུ་ཡི་ཡོད།

    ཁྱིམ་ཚང་གི་འཚོ་བ་ཞན་པས་གཅུང་པོ་མུ་མཐུད་སློབ་གྲྭ་འགྲིམ་རྒྱུར་འགན་ལེན་བྱ་ཆེད། བློ་བཟང་སློབ་གྲྭར་འགྲོ་མཚམས་བཞག་ནས་ཀོང་ཀྲོའུ་ལ་བསྐྱོད། མཚོ་སྔོན་དུ་ལོག་པའི་མེ་འཁོར་ནང་ཁོང་གིས་ཞིང་ཆེན་སྒྱུ་རྩལ་སློབ་གྲྭའི་སློབ་བསྡུའི་གསལ་བརྡ་ཞིག་མཐོང་བ་དང་། ཁོང་གིས་གླུ་དབྱངས་ཚན་ཁག་ལ་རྒྱུགས་བཏང་བས་ཕྱིས་སུ་གླུ་པ་ཞིག་ལ་གྱུར། ཁོང་སྐར་ཚོགས་འགྲན་བསྡུར་ལ་ཞུགས་པ་མ་ཟད་ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་པར་ཡང་བསྐྱོད་ཡོད། ས་ཆ་གང་དུ་སླེབས་ཀྱང་ཁོང་གིས་རྟག་ཏུ《ཐག་རིང་གི་ས་ཆ》ཞེས་པའི་གླུ་གཞས་དེ་གཏོང་གི་ཡོད།

    ཕ་ཡུལ་ལ་འགྱུར་ལྡོག་གསར་པ་བྱུང་བ་བློ་བཟང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། མཚོ་སྐོར་འགྲན་བསྡུར“ཇི་ཙམ་གཉེར་བ་དེ་ཙམ་གྱིས་འཁྲུག་ཏུ་འགྲོ་བར”བརྟེན་ཁོང་གིས་ལས་གཏོད་བྱེད་རྒྱུའི་སེམས་ཐག་བཅད། ཁོང་ཚོས་རྐང་འཁོར་བཞོན་ནས་མཚོ་སྔོན་པོ་སྐོར་བའི་ཞབས་ཞུའི་རྟེན་གཞི་བཙུགས་ནས་ས་གནས་དེ་གའི་རྐང་འཁོར་སྤྲོ་སྐྱིད་ཁང་བཅུ་གྲངས་ཁ་ཤས་གང་མགྱོགས་སྐུལ་ཁྲིད་བྱས་པ་རེད། ཁོང་གིས་ཁེ་ལས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ནས་ས་གནས་དེ་གའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་གཉིས་ཀྱི་གྲས་སུ་གྱུར་ནས་ཕྲུ་གུ་མང་པོ་ཞིག་སློབ་གྲྭ་འགྲིམ་པར་མ་དངུལ་རོགས་རམ་བྱས་ཡོད།

    ལས་འགན་ལྕིག་པོ་ཕྲག་ཐོག་ཏུ་བབས་པའི་221བཟོ་གྲྭ་ནས་རྐང་འཁོར་བཞོན་ནས་མཚོ་སྔོན་པོ་སྐོར་བའི་བར། དུས་རབས་ཀྱི་འབོད་སྒྲ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བློ་བཟང་ཚུད་པའི་མི་དཀྱུས་མ་དེ་དག་ལ་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ཤིག་རག་ཡོད།

    “ང་ཚོས་ཁྱིམ་གྱི་སྒོ་རྩ་ནས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ་ཡིན”ཞེས་པའི་སྐད་ཆ་དེ་བློ་བཟང་གིས་ནན་ཏན་ངང་བཤད།

    ད་ཆའི་བྱི་བ་འདི་དག་རྩྭ་ཐང་སྟེང་རྐང་འཁོར་བཞོན་ནས་བྱ་འཕུར་བ་ལྟར་སྐྱོད་པའམ་ཡང་ན་འབྲོག་པའི་ལག་ཐོགས་ཁ་པར་ནང་ཐད་གཏོང་བྱེད་པའི་སྒྲ་ལ་གོམས་ཟིན། རྩྭ་ཐང་དེར་སྒུལ་ཤུགས་གསར་པ་དང་ཕུགས་འདུན་གསར་པ་ལྡན་ཡོད་ལ། དེ་གའི་མི་རྣམས་ཀྱིས་སྔར་རྒྱུན་བཞིན་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号