མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་།

ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། ཞིང་ཆེན་ཚན་རྩལ་ཐིན་གྱིས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས། ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་དམིགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། ཁྱད་ལྡན་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་གྲུབ་འབྲས་མངོན་གསལ་བླངས།

མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་སྒོས་སྐུལ་འདེད་བཏང་བ་དང་། འོད་ནུས་རིག་ནུས་ནུས་ཁུངས་དོ་དམ་མ་ལག་བཙུགས་ནས།  སྐྱེ་ཁམས་ཆུ་དཔྱད་རྒྱུ་རྐྱེན་ལྟ་ཞིབ་ཚད་ལེན་གཞི་གྲངས་མཛོད་ཀྱིས་མཚོ་སྔོན་པོའི་འབབ་རྒྱུད་ས་ངོས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྱི་སྟོང་ཆ་བསྐངས། འགག་རྩའི་ལག་རྩལ་གཙོ་བོའི་ཐད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བ་དང་། དག་གཙང་ནུས་ཁུངས་ཁྱབ་ཁོངས་སུ། ནུས་ཁུངས་མང་པོའི་གློག་ཤུགས་མ་ལག་གསབ་རེས་མཐུན་སྦྱོར་བཀོད་གཏོང་དང་འགག་རྩའི་ལག་རྩལ་ཚོད་འཛིན་ཆུ་ཚད་དེ་རྒྱལ་སྤྱིའི་མདུན་གྲས་སུ་སླེབས་ཤིང་། ཞིང་ཆེན་མང་པོར་གྲུབ་འབྲས་ཁྱབ་གདལ་དང་བེད་སྤྱོད་བྱེད་ཀྱིན་ཡོད། ལྗང་མདོག་རྩིས་ནུས་ཁྱབ་ཁོངས་སུ། ལྗང་མདོག་རྩིས་ནུས་ཀྱི་རྩེ་གྲས་རིག་མཛོད་བསྐྲུན་ཞིང་། རྩིས་ནུས་དང་རྩིས་དྲ་གཞི་གཅིག་ཅན་གྱི་འགག་རྩའི་ལག་རྩལ་དང་། མིས་ཐབས་རིག་ནུས་ལག་རྩལ་དང་བེད་སྤྱོད། གཞི་གྲངས་བདེ་འཇགས་ཀྱི་འགག་རྩའི་ལག་རྩལ་བཅས་ཀྱི་ཞིབ་འཇུག་ཁ་ཕྱོགས་གསུམ་དང་ལས་འགན་གཙོ་བོ་ཉེར་ལྔ་གཏན་འཁེལ་བྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཕྱོགས་ནས། བོད་ལུག་ཐོན་སྐྱེད་ལག་རྩལ་དཔེ་སྟོན་གྱིས་ལོ་གསུམ་ནང་ཐེངས་ལྔར་རྒྱུད་སྤེལ་བའི་ལོ་རྒྱུས་རང་བཞིན་གྱི་བར་བརྒལ་མངོན་འགྱུར་བྱུང་བ་དང་། ལུག་གསོ་ཁ་ནས་འབུད་པའི་དུས་ཡུན་ཟླ་བཅུ་གཉིས་ཀྱིས་ཇེ་ཐུང་དུ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号