གཅན་ཚ་རྫོང་གཅན་ཚ་ཐང་ཞང་གིས“སྨྱུ་གུ་རིགས་གསུམ”དམ་པོར་བཟུང་ནས་གྲོང་གསེབ་དར་སྤེལ་གྱི“ལེའུ་གསར་པ”བརྩམས་པ།

ད་ལོའི་ལོ་འགོ་ནས་བཟུང་། གཅན་ཚ་ཐང་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པའི་ལས་དོན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་དུ“མཐའ་ཚད་སྲུང་བ་དང་། འཕེལ་རྒྱས་དམ་འཛིན། དར་རྒྱས་ལ་སྐུལ་འདེད”བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོལ་བྱེད་པའི་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ཞིང་། ནུས་ཤུགས་ཡོད་རྒུས་ཐོན་ལས་དང་རིག་གནས། སྐྱེ་ཁམས་བཅས་ཀྱི“སྨྱུ་གུ་རིགས་གསུམ”ཡག་པོ་བཟུང་ནས་གྲོང་གསེབ་དར་སྤེལ་གྱི“ལེའུ་གསར་པ”བརྩམས།

ཁུལ་ཡོངས་འཕེལ་རྒྱས་ཀྱི“ཐོན་ལས་སྨྱུ་གུ”དམ་པོར་བཟུང་ནས་གྲོང་གསེབ་དར་སྤེལ་གྱི“ཕྱུག་འགྱུར་དཔེ་དེབ”བརྩམས་པ། 

གཅན་ཚ་ཐང་ཞང་ཏང་ཨུས“ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་དར་རྒྱས་གཏོང་བ། མང་ཚོགས་ཕྱུག་འགྱུར་བྱེད་པ”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་བ་ཁག་གི་ཐོན་ཁུངས་ལེགས་ཆ་དང་ཁྱད་ཆོས་ལ་གཞི་ཚུགས་ནས། “སྡེ་བ་རེ་ལ་ཐོན་ལས་རེའི”ཁྱད་ལྡན་ཐོན་ལས་ཀྱི་བཀོད་པ་བཏོད་པ་དང་། དངོས་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བ་ལ་ཁྲིད་སྟོན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “ཏང་འཛུགས་སྐྱོང་དང་ཐོན་ལས་ཟུང་འབྲེལ”གྱི་རྣམ་པ་བརྒྱུད། ཐོན་ལས་རྣམ་གྲངས་ཀྱིས་ཞིང་འབྲེལ་ཞིང་འཁྲིད་ཀྱི་ཕན་འབྲས་ཆེ་རུ་བཏང་ཞིང་། གླེ་གཞུག་སྡེ་བའི་དར་སྐུད་དམར་པོའི་གྱོན་ཆས་ལས་སྣོན་བཟོ་གྲྭ་དང་། རྐ་མོ་སྡེ་བའི་གཟན་ཆས་ལས་སྣོན་བཟོ་གྲྭ། ཀ་གྱ་སྡེ་བ་གཉིས་པ་དང་ལོ་བ་སྡེ་བའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་། ས་སྒ་ཉག་གའི་ཁང་ཐོག་འོད་ཤུགས་གློག་འདོན་སོགས་ཐོན་ལས་འཕེལ་རྒྱས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དེ། མིག་སྔའི་བར་དུ། འབྲོག་པ་མང་ཚོགས120ལྷག་སྡེ་བའི་ནང་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བཅས་བྱས་པས། ཡོང་འབབ་བགོ་འགྲེམས་སྒོར་ཁྲི12ལྷག་མངོན་འགྱུར་བྱུང་བ་རེད།

ཡ་རབས་ཡུལ་སྲོལ་གྱི“རིག་གནས་སྨྱུ་གུ”དམ་པོར་བཟུང་ནས་གྲོང་གསེབ་དར་སྤེལ་གྱི“ཞི་མཐུན་དཔེ་དེབ”བརྩམས་པ། 

གཅན་ཚ་ཐང་ཏང་ཨུས་གྲོང་གསེབ་ཀྱི་དར་སྲོལ་ཤེས་དཔལ་དེ་གྲོང་གསེབ་དར་སྤེལ་གྱི་འགན་ལེན་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་དུ་བརྩིས་ནས། རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་ངང་འཕེལ་བར་བྱེད་པ་དང་། དཔལ་ཡོན་ལྡན་པའི་སྲོལ་གསར་འཛུགས་པ། གཅིག་བསྡུས་བཅོས་སྒྲིག་དང་ཡུན་ཕན་དོ་དམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། གཉེན་སྟོན་གསར་པ་གཉེར་བ་སོགས་གོམས་སྲོལ་བསྒྱུར་བའི་ནང་དོན་དེ་སྡེ་སྲོལ་དམངས་ཆིངས་ནང་འཇུག་པ་དང་གྲོང་མིའི་དཔལ་ཡོན་གྱི་བྱ་སྤྱོད་དེ་ཆ་བསགས་ལམ་ལུགས་ཀྱི་དོ་དམ་ནང་འཇོག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་རྒྱུན་འཛིན་བྱེད་པ། དཔལ་ཡོན་ལྡན་པའི་སྲོལ་གསར་འཛུགས་པ། ལུགས་རྙིང་སྲོལ་ངན་བཀག་འགོག་བཅས་བྱས་ཤིང་། ཁྱད་ལྡན་རིག་གནས་སྔོག་འདོན་དང་དར་སྤེལ་ཤུགས་ཆེན་བཏང་ནས“དབྱར་དུས་རྟ་རྒྱུག་འདུ་ཚོགས”དང་། “ལ་གཞས་འཁྲབ་སྟོན་འདུ་ཚོགས” “དམངས་ཁྲོད་ཀྱི་གཏམ་དཔེའི་འགྲན་བསྡུར། མདའ་འཕེན་འགྲན་བསྡུར”སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྤུས་རྟགས་རྒྱུན་མཐུད་ངང་སྐྱེད་སྲིང་བཅས་བྱས་པས། ཞང་ཁོངས་སུ་ཧུར་བརྩོན་ཡར་ཐོན་གྱི་རིག་གནས་རྣམ་པ་ཞིག་ཆགས་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། མིག་སྔའི་བར་དུ་ཞང་ཡོངས་ཀྱིས་རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་ཐེངས20ལྷག་ཙམ་སྤེལ་བས“བསམ་བློ”ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་སྤྲོ་སྣང་འཕེལ་བ་དང་གྲོང་གསེབ་ཇེ་རྒྱས་སུ་ཕྱིན་ཡོད།

འཚོ་སྡོད་ཁོར་ཡུག་གི“སྐྱེ་ཁམས་སྨྱུ་གུ”དམ་པོར་བཟུང་ནས་གྲོང་གསེབ་དར་སྤེལ་གྱི“ལྗང་མདོག་དཔེ་དེབ”བརྩམས་པ། 

གཅན་ཚ་ཐང་ཞང་ཏང་ཨུས་འཚོ་བའི་གད་སྙིགས་བཅོས་སྒྲིག་ལ་ཤུགས་སྣོན་པ་དེ་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་གནད་དུ་བརྩིས་ནས། རྒྱུན་མཐུད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོར་སྲུང་བ། “གཙང་བཤེར་གསུམ་དང་ལེགས་བཅོས་གསུམ”ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཏན་ཏིག་གིས་སྤེལ་བ། “གནད་འཛིན། ཐིག་སྦྲེལ། ཡུག་སྒྲིལ” བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་ལས་ཀའི་བསམ་ཕྱོགས་ལྟར་གཞུང་ལམ་གྱི་མ་ལམ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་རྒྱུ་དེ་གཙོ་རྐང་དུ་བརྩིས་ནས། ཞང་ཡོངས་ཀྱི་སྡེ་བ་ཁག་གི་སྲང་ལམ་དང་འབྲོག་ཁྱིམ་དུ་ཁྱབ་པར་བྱས་ཤིང་། ཁང་པའི་རྒྱབ་མདུན་དང་། རྩྭ་ར། འགྲོ་ལམ། ཆུ་ཡུར་བཅས“ས་ཁོངས་ཆེན་པོ་བཞིར”དམིགས་ནས་སྡེ་བ་དང་། སྒོ་ཁ། ལམ་མདོ། ཆུ་འགྲམ་བཅས་ཀྱི“འགག་སྒོ་ཆེན་པོ་བཞི”དམ་འཛིན་ནན་པོ་བྱས་ཏེ། གད་སྙིགས་སྣ་ཚོགས་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པ་དང་གད་སྙིགས་གང་བྱུང་དུ་སྤུངས་པ་དང་། གང་བྱུང་དུ་གཡུགས་པ་སོགས་དག་ཐེར་བྱས་ནས་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་རིམ་སྤོར་ལ་སྐུལ་འདེད་བཏང་། དེ་དང་ཆབས་ཅིག གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཉིན་མོ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་སོགས་དང་ཟུང་འབྲེལ་སྒོས་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ་དང་། མིག་སྔའི་བར་དུ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས80ལྷག་ཙམ་བྱས་ཏེ། རིགས་མི་འདྲ་བའི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གད་སྙིགས་ཏུན60ལྷག་ཙམ་གཙང་སེལ་བྱས་ཤིང་། སྒེར་འཛུགས་དང་ཁྲིམས་འགལ་རྒྱས་སྐྲུན་བྱས་པའི་ལྕགས་དྲ་སྨི54000ལྷག་ཙམ་བཤིགས་པ་དང་། ས་ལུད་གང་བྱུང་དུ་སྤུངས་པ་དང་གྲོང་ལམ་ལ་འགོག་རྐྱེན་བཟོས་པའི་གནས150ལྷག་ཙམ་གཙང་སེལ་བཅས་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号