བོད་ཀྱི་རི་འཛེགས་ལུས་རྩལ་པ་གྲགས་ཅན་མགོན་པོ་སྐུ་གཤེགས་པ།

བོད་རང་སྐྱོང་ལྗོངས་ཀྱི་དེ་སྔའི་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བོད་ཀྱི་རི་འཛེགས་ལུས་རྩལ་པ་གྲགས་ཅན་རྒན་གྲས་མགོན་པོ་མཆོག་སྙུན་གཞིས་རྐྱེན་པས་སྤྱི་ལོ2024ལོའི་ཟླ་བ12པའི་ཚེས5ཉིན་སི་ཁྲོན་ཁྲེང་ཏུར་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ91ལ་ཕེབས་ཡོད། བློ་མཐུན་མགོན་པོ་མཆོག་ནི་སྤྱི་ལོ1933ལོར་བོད་ལྗོངས་གཞིས་ཀ་རྩེ་གཉའ་ནང་རྫོང་དུ་སྐུ་འཁྲུངས་པ་དང་། སྤྱི་ལོ1956ལོའི་ཟླ་བ9པར་གསར་བརྗེའི་ལས་ཀར་ཞུགས། སྤྱི་ལོ1960ལོའི་ཟླ་བ5པའི་ཚེས25ཉིན་ཁོང་དང་ཝང་ཧྥུ་ཀྲོའུ། ཆུས་ཡུན་ཧྭ་བཅས་ནས་རི་བོ་ཇོ་མོ་གླང་མའི་རྩེ་མོར་འཛེགས་པས། ཁོང་རྣམས་ལ་ལུས་རྩལ་གྱི་གཟེངས་རྟགས་དང་རྒྱལ་ཡོངས་ཀྱི་ཟིན་ཐོ་གཏོར་བའི་གཟེངས་རྟགས་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཕུལ་བྱུང་ལུས་རྩལ་པར་ཡང་བདམས། སྤྱི་ལོ1961ལོའི་ཟླ་བ3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། དེ་རྗེས་སྔ་ཕྱིར་ཀྲུང་གོའི་རི་འཛེགས་རུ་ཁག་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་རུ་དཔོན་གཞོན་པ་དང་། བོད་ལྗོངས་རི་འཛེགས་རུ་ཁག་གི་རུ་དཔོན་གཞོན་པ། བོད་ལྗོངས་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ། བསྐོར་ཞིབ་པ། བོད་ལྗོངས་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་བཞེས། སྤྱི་ལོ1995ལོར་ལས་འཁྱུར་ངལ་གསོ་གནང་། ཁོང་གིས་བོད་ལྗོངས་ཀྱི་རི་འཛེགས་ལུས་རྩལ་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་གནང་ཡོད། 

སྤྱི་ལོ1960ལོའི་ཟླ་བ6པའི་ཚེས7ཉིན་ཝང་ཧྥུ་ཀྲོའུ་དང་། མགོན་པོ།(དཀྱིལ) ཆུས་ཡུན་ཧྭ་བཅས་ཇོ་མོ་གླང་མར་འཛེགས་ཟིན་ནས་ལྷ་སར་འབྱོར་རྗེས་ལྷ་སའི་ལས་རིགས་ཁག་གི་མི་རྣམས་ནས་དགའ་བསུ་ཆེན་པོ་ཞུས་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号