རེབ་གོང་ཐང་ག་སྒྱུ་རྩལ་གྱི་བགྲོ་གླེང་ཚོགས་འདུ་བསྡུས་པ།

ཟླ10པའི་ཚེས15ཉིན་གྱི་སྔ་དྲོར། དུས་རབས་གསར་པའི་རེབ་གོང་ཐང་ག་སྒྱུ་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཐུན་རིན་གྲོང་ཁྱེར་རེབ་གོང་ཐང་གའི་སྒྱུ་རྩལ་ཁང་དུ་བསྡུས་ཤིང་། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་དག་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་། རེབ་གོང་སྒྱུ་རྩལ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་བསམ་བློ་བརྗེ་རེས་བྱས།

རེབ་གོང་ཐང་ག་ནི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་དང་། མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་ཡིན་ཞིང་། རྨ་ཆུའི་བཞུར་རྒྱུན་གྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རེབ་གོང་ཐང་གར་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ལྟ་བ་དང་། ཐུན་མོང་མ་ཡིན་པའི་རྒྱུན་འཛིན་གོམས་གཤིས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་དང་། དམངས་ཁྲོད་མཛེས་རྩལ། འཛུགས་སྐྲུན་སྒྱུ་རྩལ་སོགས་ཀྱི་ཐད་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད།

ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་གཞག་ཐད་དྲང་གཞག་གསར་གཏོད་དང་། གསར་འབྱེད་ཡར་བརྩོན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མ་དངུལ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དྲིལ་སྒྲོག་འོས་སྦྱོར་བཅས་བྱས་པ་བརྒྱུད། རེབ་གོང་ཐང་གའི་སྒྱུ་རྩལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལེའུ་གསར་པ་ཞིག་གི་སྒོ་འཕར་ཕྱེ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རེབ་གོང་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་ཚོད་ལྟའི་གྲས་ཡིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཁྲི10ཡི་ཁྲོད་མི་ཁྲི2ལྷག་རེབ་གོང་ཐང་གའི་སྒྱུ་རྩལ་གྱི་ལས་ལ་གཞོལ་བཞིན་ཡོད་པ་དང་། ད་ཆ་རིམ་བཞིའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོ184ཡོད་པ་རེད། ཐེངས་འདིར་བགྲོ་གླེང་ཚོགས་འདུ་འཚོགས་པ་ནི་སྲོལ་རྒྱུན་སྒྱུ་རྩལ་དེ་སྒྱུ་རྩལ་རིག་གནས་ཀྱི་རིམ་པར་མཐོ་རུ་བཏང་ནས་རེབ་གོང་ཐང་ག་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་དུ་འགྱུར་བར་བྱ་རྒྱུ་དེ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号