བོད་ཀྱི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་ལ་དྲན་གསོ་ཞུ་བའི་རིག་གཞུང་ཚོགས་འདུ་འཚོགས།

སྤྱི་ཚེས7ཉིན་ནི་སློབ་དཔོན་ཁྲོ་རུ་ཚེ་རྣམ་མཆོག་སྐུ་གཤེགས་ནས་ལོ20འཁོར་བ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ35འཁོར་བའི་ཉིན་མོ་ཡིན་པས། རིག་གཞུང་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ཤིག་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་འཚོགས་པ་རེད།

བོད་རིག་པ་མཁས་ཅན་དང་། ནང་རིག་པ་མཁས་ཅན། བོད་ལུགས་གསོ་རིག་དང་བོད་སྨན་མཁས་ཅན་བཅས་ཡིན་པའི་སློབ་དཔོན་ཁྲོ་རུ་ཚེ་རྣམ་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱུན་འཛིན་དེ་བཞིན་འཕེལ་རྒྱས་དང་། གསར་གཏོད་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་གནང་ཡོད། ཁོང་གི་རིག་གཞུང་བསམ་བློ་གཏིང་ཟབ་ཅིང་ཤུགས་རྐྱེན་གཏིང་ཟབ་ལྡན་པས། སློབ་དཔོན་ཆེན་མོར་དྲན་གསོ་དང་སློབ་གྲྭའི་མི་ལོ35རིང་གི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱོགས་སྡོམ་བྱ་ཆེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། སློབ་གྲྭ་གཅིག་པའི་འཐུས་མི། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་བཅས་ཁྱོན་མི་སྣ700ལྷག་ཙམ་རིག་གཞུང་དགོངས་དོན་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་བཞེད་དོན་གཙོ་བོའི་སྙན་སྒྲོན་གནང་སྟེ་སློབ་དཔོན་ཁྲོ་རུ་ཚེ་རྣམ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་དང་ལེགས་སྐྱེས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་བ་དང་ཁོང་གི་རིག་གཞུང་དགོངས་པ་རྒྱས་བཤད་གཏིང་ཟབ་གནང་བ་རེད། གཞན་ཡང་ད་དུང༼རྒྱུད་བཞི༽ཞིབ་འཇུག་ཁང་གིས་ཀྱང་བགྲོ་གླེང་ཚོགས་འདུའི་ཐོག་གསོ་རིག་རྒྱུད་བཞིའི་ཞིབ་འཇུག་གླིང་གི་སྒོ་བྱང་བཀལ་བ་དེའི་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་བྱ་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད། བགྲོ་གླེང་ཚོགས་འདུའི་རིང་ད་དུང་ཆེད་དོན་རིག་གཞུང་སྙན་ཞུ་ཐེངས་མང་བྱས་ཡོད་པ་རེད།

ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་སློབ་དཔོན་ཁྲོ་རུ་ཚེ་རྣམ་ལ་དྲན་གསོ་ཞུ་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ཐད་འཚོལ་ཞིབ་གསར་པ་བྱས་པ་ཞིག་ཀྱང་རེད།

རིག་གཞུང་སྤེལ་རེས་བྱས་པ་བརྒྱུད་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐུན་མོང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དར་རྒྱས་དང་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་བོད་ལུགས་གསོ་རིག་དང་བོད་སྨན་འདི་ཉིད་འཛམ་གླིང་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号