པདྨ་རྫོང་གིས་བརྩེ་བ་དང་སྟོབས་ཤུགས་ཕུལ་ཏེ་མི་དམངས་ཡིད་ཚིམ་པའི“སློབ་གསོའི་རྒྱུགས་ལན”སྤྲད་པ།
ད་ལོའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་རྒྱུ་དགོངས་དོན་དུ་འཛིན་པ། སློབ་གསོའི“མིག་མངས་འགྲིག་སྐོར་གཅིག”གི་དགོངས་པ་བརྟན་པོར་འཛུགས་པ། འོས་འགན་སློབ་གསོ་སྤུས་མཐོ་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་མྱུར་དུ་་སྐུལ་འདེད་གཏོང་བ། སྤུས་མཐོའི་སློབ་གསོའི་ཐོན་ཁུངས་མཁོ་འདོན་དང་སྲིད་དོན་ཞབས་ཞུའི་སྤུས་ཀ་དང་ཕན་ནུས་ཇེ་ཆེར་གཏོང་བ། “སློབ་གསོ་སྟོབས་ལྡན”ལ་བརྟེན་ནས་གྲོང་གསེབ“ཡུན་རིང་དར་སྤེལ་འབྱུང་བ”ལ་སྐུལ་སྤེལ་བྱེད་པ་བཅས་ཀྱིས། རྫོང་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་།
སློབ་གསོའི་མ་ལག་གི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སློབ་གྲྭའི་ཏང་གི་འཛུགས་སྐྲུན་གྱི་བསམ་བློའི་ཆབ་སྲིད་བྱ་བ་ནན་ཏན་གྱིས་བསྒྲུབས་པ་དང་། 《པདྨ་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་བསམ་བློའི་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ཤིང་། བསམ་བློའི་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་དང་མགོ་ཁྲིད་ལས་བྱེད་པས་བསམ་བློའི་ཆབ་སྲིད་སློབ་ཁྲིད་འཛིན་ལུང་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་བསམ་བློའི་ཆབ་སྲིད་ལས་འགན་གཟབ་ནན་ངང་ལག་བསྟར་བྱེད་པ་དང་། སློབ་གསོའི་སྡེ་ཁག་དངརྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ལ་དུས་རྒྱུན་དུ་བརྟག་ཞིབ་དང་ལྟ་སྐུལ་བྱས་ཏེ། སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏིང་ཟབ་བྱས། སློབ་གྲྭ་ཆུང་འབྲིང་གི་ཏང་རྩ་འཛུགས་ཀྱི་སློབ་གཙོའི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་ལ་ཏང་རྩ་འཛུགས་ཧྲུའུ་ཅི13བཀོད་སྒྲིག་བྱས་ཏེ། “འགན་ཡོངས་སུ་ཁུར་མཁན”གྱི་མི11ཡོད་པ་མངོན་འགྱུར་བྱས་ཤིང་། ཏང་གི་ལས་དོན་བསྒྲུབ་མཁན་གྱི་མི13བཀོད་སྒྲིག་བྱས་ལ། སློབ་གྲྭའི་ཏང་ཡོན་བྱ་འགུལ་ཁང13བཙུགས་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཞང་དང་གྲོང་རྡལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་འགན་འཁྲི་དང་བྱེ་བྲག་གི་བྱ་བའི་ལས་འགན་སྔར་ལས་གསལ་པོ་བྱས་ཏེ། སློབ་གསོའི་ལས་དོན་འཕེལ་རྒྱས་འབྱུང་ཆེད་རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་སྤྲོད་བྱས།
ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་དུ། རྫོང་གི་སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོའི་དུས་རིམ་དུ་འཚོ་བའི་ཁ་གསབ་མ་དངུལ་གྱི“ཡོངས་འཐུས་བྱང་བུ”བྱིན་པ་དང་། བྱིན་པའི་ཚད་ཀྱིས100%ཁེབས་པ་མངོན་འགྱུར་བྱས། རིམ་བསགས་ཀྱིས་སློབ་མ1398ལ་རོགས་སྐྱོར་བྱེད་པ་དང་སློབ་རོགས་མ་དངུལ་སྒོར་ཁྲི690བྱིན། སློབ་ཆེན་པ307ལ་རང་ས་གནས་ནས་དངུལ་བུན་སྒོར་ཁྲི228བྱིན་པ་དང་། རྫོང་ཡོངས་སུ་སློབ་སྔོན་སློབ་གསོ་སྟེ་བུ་བཅོལ་ཁང་དུ་ཞུགས་ཚད་དང་། མཐོ་འབྲིང་སྐབས་ཀྱི་དངོས་ཞུགས་གྲངས་ཀའི་བསྡུར་ཚད85%ཡི་ཡན་ཡིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་བརྟན་འཇགས་ཡིན་ཚད99%སླེབས་ཡོད་ལ། བསྡོམས་པས་སློབ་འབྲིང་སློབ་མ100དང་མཐོ་འབྲིང་སློབ་མ178ས་གཞན་དུ་མངགས་ཏེ་སྔར་ལས་བཟང་པའི་སློབ་གསོ་མྱངས་སུ་བཅུག
ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་དུ།སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར1.03བཏང་སྟེ། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྒྲིག་ཆས་དང་དེ་མིན་དེའི་ཁོངས་གཏོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ཐད་སྤྱད་པ་དང་། སློབ་གྲྭའི་ཁང་པ་སྨི་གྲུ་བཞི་མ་ཁྲི1.5གསར་འཛུགས་བྱས་ལ། མ་དངུལ་ཁྲི2200སྤྱད་དེ་སློབ་གསོའི་མ་ལག་ཏུ་སྨི་གྲུ་བཞི་མ1000ཡན་ལ་མེ་གསོད་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱས། དེ་དང་ཆབས་ཅིག་སློབ་རའི་བདེ་འཇགས་དོ་དམ་གྱི་བྱ་བའི་ཇུས་གཞི་རྒྱུན་ཆད་མེད་པར་གསར་སྒྱུར་དང་འཐུས་ཚང་དུ་བཏང་བ་དང་། རིམས་བསགས་ཀྱིས་སྒོར་ཁྲི874བཏང་ནས་སློབ་གསོ་འཕེལ་རྒྱས་ཐེབས་རྩ་དང་སློབ་རའི་སློབ་གསོ་དང་སློབ་ཁྲིད། བདེ་འཇགས་ལྟ་སྲུང་བཅས་ཀྱི་ཐད་སྤྱད། སློབ་རའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ་དུས་བཅད་དང་དུས་ངེས་མེད་དུ་སློབ་རའི་བདེ་འཇགས་དང་ཁྲིམས་སྐྱོང་སློབ་གསོ། བདེ་ཐང་སློབ་གསོ། མཁོ་བསྟུན་འཁྲབ་སྦྱོང་བཅས་ཀྱི་དྲིལ་སྒྲོག་སློབ་གསོ་དང་ལྟ་སྐུལ་རྟོག་ཞིབ་བྱ་བ་སྤེལ་ཏེ། རིགས་མི་གཅིག་པའི་མངོན་མེད་བདེ་འཇགས་ཉེན་ཁ་གྲལ་བཤེར་ལེགས་པོ་བྱེད་པ་དང་། སློབ་གྲྭ་དང་དགེ་སློབ་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། “བདེ་འཇགས་སློབ་ར”འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注