2024ལོའི་མཚོ་སྔོན་གྱི་དྲ་རྒྱའི་བདེ་འཇགས་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་མགོ་བརྩམས།

ཟླ9པའི་ཚེས9ཉིན་ནས15ཉིན་བར། 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས“2024ལོའི་མཚོ་སྔོན་གྱི་དྲ་རྒྱའི་བདེ་འཇགས་ཤེས་བྱའི་དྲ་ཐོག་གི་དྲི་བ་དྲིས་ལན”གྱི་བྱེད་སྒོ་སྤེལ། 

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཏང་ཡོན་ཡོངས་དང་། ལས་ཁུངས་ཀྱི་ལས་བྱེད་པ། རྒྱ་ཆེའི་དྲ་དམངས་བཅས་ཀྱིས་དྲ་རྒྱ་ལ་ཤེས་རྟོགས་ཡོད་པ་དང་བེད་སྤྱོད་གཏོང་བའི་ཆུ་ཚད་ནན་ཏན་གྱིས་ཇེ་མཐོར་གཏོང་རྒྱུ་དེ་རེད། བྱེད་སྒོས་དྲ་ཐོག་ནས་ལན་འདེབས་པའི་བྱེད་ཐབས་བརྒྱུད་དེ་སྤྱི་དམངས་ལ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། གཞི་གྲངས་བདེ་འཇགས་བཅའ་ཁྲིམས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅའ་ཁྲིམས། དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབས་བྱེད་པ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་དྲ་རྒྱའི་དཔལ་ཡོན་འཛུགས་སྐྱོང་དང་གློག་འཕྲིན་མགོ་སྐོར་འགོག་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་ནས་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་དམངས་ཚོགས་ཞུགས་ཚད་ཇེ་མང་དུ་གཏོང་རྒྱུ་དེ་རེད།

དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་ད་དུང་དྲ་རྒྱའི་བདེ་འཇགས་ཀྱི་སྤྱི་དམངས་མྱོང་རོལ་འགྲེམས་སྟོན་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ་གླེང་སྟེགས། 2024ལོའི་ཀྲུང་གོའི་བཟོ་ལས་དྲ་སྦྲེལ་བདེ་འཇགས་འགྲན་བསྡུར་ཆེ་མོའི་མཚོ་སྔོན་འདེམས་བསྡུ། དྲ་རྒྱའི་བདེ་འཇགས་གཞི་རིམ་དུ་སྤེལ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་རྒྱུན་མཐུད་ངང་ཁྱབ་གདལ་དུ་བཏང་ནས་དམངས་ཡོངས་ཀྱི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号