ཞིན་ཧེ་རྫོང་གིས་འགུལ་སྐྱོད་གསུམ་ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པར་སྤེལ་བ།

ཆབ་སྲིད་ལས་ཁུངས་དང་དཔེ་སྟོན་ལས་ཁུངས་དང་སྤྱོད་གཙང་ལས་ཁུངས་བཅས་འཛུགས་པ་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧའེ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་བླང་བྱར་དམིགས་པ་དང་། “བསམ་བློའི་བླ་སྲོག་བསྐྲུན་ཏེ་སྣེ་ཁྲིད་སྟོབས་ལྡན་དུ་གཏོང་བ་དང་གསར་སྐྲུན་བྱ་འགུལ་གྱིས་རྨང་གཞི་བརྟན་པོར་གཏོང་བ། སྤུས་ལེགས་ཞབས་ཞུ་ཡིས་སྣང་བརྙན་མངོན་པའི”འགུལ་སྐྱོད་གསུམ་གྱིས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པར་སྤེལ་བར་སྐུལ་འདེད་བཏང་།

བསམ་བློའི་བླ་སྲོག་བསྐྲུན་ཏེ་སྣེ་ཁྲིད་སྟོབས་ལྡན་དུ་བཏང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་དོན་འཁྱོལ་བྱེད་པ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་འགན་འཁྲི་གཙོ་བོར་བརྩི་བ་དང་། “གྲོས་གཞི་དང་པོའི”སློབ་སྦྱོང་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཆེད་དོན་ཞིབ་འཇུག་བགྲོ་གླེང་དང་བཞུགས་མོལ་བརྗེ་རེས། གཅིག་བསྡུས་སློབ་སྦྱོང་སོགས་བྱེད་མགོ་བརྩམས། སྐད་འཕྲིན་སྤྱི་སྟེགས་དང་བྱ་བའི་ཚོགས་པ་སོགས་ཀྱི་དྲ་ལམ་ཐེག་བྱད་བེད་སྤྱད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསེད་དཀྲོལ་བྱས་པའི་རྩོམ་ཡིག་བརྒྱུད་སྐུར་བྱས་ཏེ། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་དུས་ནམ་ཡང་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་སྐུལ་མ་བྱས།

གསར་སྐྲུན་བྱ་འགུལ་གྱིས་རྨང་གཞི་བརྟན་པོར་བཏང་བ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་རྩ་འཛུགས་འཚོ་བའི་ལམ་ལུགས་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ཏེ“གཙང་སྦྲའི་བཅོས་སྐྱོང་ཆེན་མོ་དང་ཏང་ཡོན་གདོང་མཆོང”གི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ཞིང་། རྫོང་ཁོངས་ཀྱི་ཁོར་ཡུག་གཙང་སྦྲར་ཆད་ལུས་མེད་པར་ཁྱོན་ཡོངས་ནས་གཙང་སྦྲ་བྱས་ཏེ། རྫོང་ཁོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཀ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། ཏང་འཛུགས་སྐྲུན་གྱི་བྱེད་སྒོའི་ཤེས་བྱ་འགྲན་སྡུར་དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ཟིན་ཐོ་དཔྱད་བསྡུར། བརྗོད་དོན་ཏང་གི་ཉིན་མོའི་གྱོད་དཔེ་འགྲེམས་གཏོང་སོགས་སྦྱོང་བརྡར་དང་རྩལ་ནུས་འགྲན་སྡུར་བྱ་འགུལ་སྤེལ་ཏེ། སྔོན་ཐོན་བརྩོན་ལེན་དང་སློབ་བརྩོན་ཐོལ་བརྒལ་གྱི་སྣང་ཚུལ་ལེགས་པོ་ཏན་ཏིག་གིས་བསྐྲུན།

སྤུས་ལེགས་ཞབས་ཞུ་ཡིས་སྣང་བརྙན་མངོན་པ། ལས་འགན་མེད་པའི་ཏང་ཡོན་ལ་ལས་རྐང་དང་འགན་འཁྲི་འཇོག་པ་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཡོན་གདོང་མཆོང་ལས་རྐང་གསར་འཛུགས་དང་ཏང་ཡོན་གྱི་འགན་འཁུར་བའི་ས་ཁུལ་ལས་བགོས་བྱས་ཏེ། “ངའི་ལས་རྐང་ལ་ངས་འགན་འཁུར་བ”དང“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”སོགས་བརྗོད་དོན་ལག་ལེན་བྱ་འགུལ་ཏན་ཏིག་གིས་སྤེལ། ལས་ཁུངས་ཀྱི་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད་པའི”ལམ་ལུགས་གནད་དུ་འཁེལ་བའི་སྒོ་ནས་དངོས་འབེབས་བྱེད་པ་དང་། ལས་ཁུངས་ཀྱི་ཏང་ཡོན་སྡེ་ཁུལ་དུ་སྐྱོད་པར་རྩ་འཛུགས་བྱས་ཏེ་སྲིད་ཇུས་དྲིལ་སྒྲོག་དང་གཙང་སྦྲ་བཅོས་སྐྱོང་། ཉམས་ཞན་དང་དཀའ་ངལ་ལ་རོགས་སྐྱོར་བྱེད་པ་སོགས་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ཞིང་། “སེམས་འདུན་ཆུང་ཆུང”ངོས་འཛིན་དང“ཞབས་ཞུ་ཕྲན་བུ”མཁོ་སྤྲོད་བྱས་ཏེ། སྡེ་ཁུལ་བཅོས་སྐྱོང་ལ་མཐོར་འདེགས་གསར་པ་འབྱུང་བར་རོགས་ཤུགས་བཏོན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号