སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་བསྐྱར་འགྲན་འཕར་མ་མཇུག་རྫོགས།

སྲིད་པ་རྒད་པོ་བོད་ཀྱི་གཏམ་དཔེ།

ཤེས་རབ་དང་བློ་གྲོས་ཀྱི་ཉིང་བཅུད་འཛོམས་པའི་ངག་རིག་གི་སྒྱུ་རྩལ། 

བདེན་པ་དང་གནས་ལུགས་སྲུང་བའི་གཏན་ཚིགས་ཀྱི་བང་མཛོད།

ཟླ8པའི་ཚེས22ཉིན།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཀྲུང་གུང་རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་བསྐྱར་འགྲན་འཕར་མའི་འགྲན་སྡུར་བདེ་བླག་ངང་མཇུག་རྫོགས།

ཐེངས་འདིའི་འགྲན་སྡུར་ལས་ཕུལ་བྱུང་རིམ་པར་ཚུད་པའི་གཏམ་བཤད་པ་དག་ནི། གཙང་བྱང་གྲགས་དང་དོ་རིས། ཆོས་སྐྱབས་རྒྱལ། གཡང་འབུམ་བཀྲ་ཤིས། གཡང་སྐྱབས་རྒྱལ། དོན་བཀྲ། མཁའ་འགྲོ་སྐྱབས། ཚེ་དཔལ་བཀྲ་ཤིས། རིན་ཆེན་རྒྱལ། ལྕགས་ཐར་རྒྱལ། ལྷ་འབྲུག་བཅས་ཡིན་ལ། རྟིང་རྩོད་དུ་ཚུད་པའི་གཏམ་བཤད་པ་དག་ནི། ཇོ་རུ་དང་ཐོས་པ་དགའ། མགོན་པོ་སྐྱབས། དཔའ་སྲུང་། འཁྱམས་པོ་དགའ་རུ། སྟག་ཐར་རྒྱལ་བཅས་རེད། 

དེ་རིང་སྟེ་ཟླ8པའི་ཚེས23ཉིན། སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་རྟིང་རྩོད་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས་ཡོད།

ཕུལ་བྱུང་རིམ་པར་ཚུད་པའི་གཏམ་བཤད་པ།

རྟིང་རྩོད་དུ་ཚུད་པའི་གཏམ་བཤད་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号