ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་གཅིག་པ་མགོ་རྩོམ་པ།

དབྱར་ཟླ་བདུན་པའི་རྩྭ་ཐང་དུ་རྩྭ་ཆུ་འཛོམས་ལ་ནོར་ལུག་ཤ་ཤེད་རྒྱས། སྤྲོ་འཛོམས་ཀྱི་དཔལ་ལ་རོལ་བའི་མི་ཚོགས། སྔོ་ཞིང་བསངས་པའི་ནམ་མཁའ་དང་ཡངས་ཞིང་ཆེ་བའི་རྩྭ་ཐང་གཅིག་ཏུ་འདྲེས་ནས་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་ཞིག་ལེགས་པར་མངོན། སྤྱི་ཟླ་7པའི་ཚེས་30ཉིན། ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་གཅིག་པ་བཞག་ལྡོམ་གྲོང་རྡལ་གཟའ་རུ་གོར་མོ་ཐང་གི་རྟ་རྒྱུག་ར་བར་མགོ་བརྩམས།

ཉིན་དེའི་སྔ་དྲོར། ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་ཆེན་མོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་སྐབས་བཅུ་པ་སྙན་འཇེབས་ལྡན་པའི་རྒྱལ་གླུའི་ཁྲོད་དངོས་སུ་མགོ་བརྩམས། རྟ་པ་རྣམས་ཀྱིས་རྒྱལ་དར་མཐོ་རུ་བསྒྲེངས་ཏེ་ལྟད་མོ་བའི་དགའ་འབོད་ཁྲོད་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བང་གི་བརྒྱུགས། རྟ་རྒྱུག་འགྲན་བསྡུར་ར་བར་དར་ཆ་རླུང་གིས་བསྐྱོད་ཅིང་རྔ་སྒྲས་གནམ་ས་གཡོ། རྟ་མཆོག་བང་གིས་རྒྱུག་པ། ངོ་མཚར་བའི་རིག་རྩལ་ཁྲབ་སྟོན་བརྒྱུད་ཡུལ་དངོས་སུ་དགའ་སྟོན་ཡོ་ལང་རབ་ཏུ་གཡོས། སྤྲོ་སེམས་ཀྱིས་ཁེངས་པའི་ཞབས་བྲོས་རྩྭ་ཐང་གི་བུ་དང་བུ་མོའི་སྤྲོ་སེམས་ལེགས་པར་མཚོན། སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མཛེས་ལྡན་འཚོ་བར་བཅིངས་པའི་ཡིད་ཆེས་བརྟན་པོ་མཚོན།

ཨ་མདོའི་ཕོ་ཡག་འགྲན་ཞུགས་པ་སངས་རྒྱས་བཀྲ་ཤིས་ཀྱིས་མཛེས་ལྗོངས་འདི་འདྲ་དང་བདེ་སྡོད་ལས་བརྩོན་གྱི་འཚོ་བའི་ཁོར་ཡུག་ཁྲོད་རྟ་རྒྱུག་དུས་སྟོན་ལ་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་ཡོད། སླད་ཕྱིན་བྱེད་སྒོ་འདི་འདྲ་མང་ཙམ་སྤེལ་ནས་ཀུན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་རྟ་རྒྱུག་དུས་སྟོན་སྤྱི་ཟླ་7ཚེས་30ཉིན་འགོ་རྩོམ་པ་དང་སྤྱི་ཟླ་8ཚེས་3ཉིན་མཇུག་བསྡུ་རྒྱུ་རེད། དུས་ཡུན་ཉིན་5ཡི་རིང་ལ་རྨ་རྒྱུད་རྟ་མཆོག་གི་རྒྱུག་ཡུན་འགྲན་པ་དང་མྱུར་ཚད་འགྲན་པ། གོམ་པ་འགྲན་པ་སོགས་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་ནས་ཡོང་བའི་རྟ་པ་800ལྷག་གིས་གཟའ་རུའི་གོར་མོ་ཐང་ནས་རྟ་པའི་ཞོན་རྩལ་དང་རྟ་མཆོག་གི་བང་རྩལ་འགྲན་སྡུར་ངོ་མཚར་བར་སྤེལ་རྒྱུ་རེད། འགྲན་བསྡུར་ཁྲོད་ད་དུང་རྨ་རྒྱུད་རྟ་མཆོག་ལེགས་འགྲན་དང་ཨ་མདོའི་ཕོ་རབ་ཡག་འགྲན། ཨ་མདོའི་མཛེས་མ་ཡག་འགྲན། སྐྱེས་པའི་འགྱོག་རྡོ་ལྗིད་འདེགས་སོགས་སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་འགྲན་བསྡུར་རྣམ་གྲངས་མང་པོ་ཡོད།

ཁྲེང་ཏུའུ་ཡི་ཡུལ་སྐོར་བ་ཧུའུ་ཡུས་ཧྲུའུ་ཡིས་ང་ནི་ཁྲེང་ཏུའུ་ནས་ཡིན། རླངས་འཁོར་བཏང་ནས་མཛེས་སྡུག་ལྡན་པའི་མཛོད་དགེར་ལྗོངས་སྐོར་ལ་ཡོང་བ་ཡིན། སྟབས་ལེགས་པ་ཞིག་ལ་ཨ་མདོའི་རྟ་རྒྱུག་འགྲན་བསྡུར་དུས་སྟོན་ལ་བལྟ་ཐུབ་བྱུང་། རང་ལ་མཚོན་ན་རྟ་མཆོག་གི་བང་རྒྱུག་འགྲན་བསྡུར་འདི་འདྲ་མཐོང་ཐེངས་དང་པོ་ཡིན། དངོས་གནས་ལེགས་པོ་འདུག །དོན་སྙིང་ཆེན་མོ་ལྡན། ཐེངས་རྗེས་མར་ངས་ད་དུང་གྲོགས་པོ་དང་ནང་མི་ཁྲིད་ནས་མཛེས་སྡུག་ལྡན་པའི་མཛོད་དགེ་རུ་ཡུལ་སྐོར་ལྗོངས་རྒྱུར་ཡོང་ངེས་ཞེས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号