ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་མཐོང་ལམ་འོག་འབྲུག་དཀར་གཙང་བོའི་འབབ་རྒྱུད་ཀྱི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

ཟླ7པའི་ཚེས28ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་མཐོང་ལམ་འོག་འབྲུག་དཀར་གཙང་བོའི་འབབ་རྒྱུད་ཀྱི་བོད་ཡིག་གནའ་དཔེ་ལེགས་སྒྲིག་དང་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེ་བོ་རུ་འཚོགས། ཐེངས་འདིའི་རིག་གཞུང་ཞིབ་འཇུག་བྱེད་སྒོ་ནི་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཀློག་པ་པོ་དཔེ་སྐྲུན་ཚོགས་པ། ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་མི་རིགས་ཆོས་ལུགས་གཞུང་ལུགས་ཀྱི་ཀན་སུའུ་ཞིབ་འཇུག་རྟེན་གཞི། ཀྲུང་གུང་ཐེ་བོ་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀན་སུའུ་ཞིང་ཆེན་མི་རིགས་ཆོས་ལུགས་ཞིབ་འཇུག་ལྟེ་གནས་དང་། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས། ཀྲུང་གུང་ཐེ་བོ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱིས་སྒྲུབ་འགན་འཁུར་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མདོ་ཁམས་ཡུལ་གྱི་བོད་ཡིག་གནའ་དཔེ་ཡིག་ཆ་ཞིབ་འཇུག་ཁང་གིས་གཞོགས་འདེགས་བྱས་པ་རེད། རིག་གཞུང་བགྲོ་གླེང་བྱེད་སྒོའི་དུས་ཡུན་་ཉིན་གཉིས་ཡིན་ལ། ཚོ་ཆུང་བགོས་ནས་ཞིབ་སྡུར་བགྲོ་གླེང་བྱས་ཤིང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་ཆེན་སུམ་ཅུ་ལྷག་དང་ཚན་ཞིབ་སྡེ་ཚན་གྱི་འབྲེལ་ཡོད་རིགས་གཅིག་མཁས་དབང་བདུན་ཅུ་ལྷག་ཙམ་ཚོགས་འདུར་ཞུགས།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟུར་པའམ་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པའམ་དགེ་རྒན་ཆེན་མོ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་འགོ་ཚུགས་མཛད་སྒོར་ཕེབས་ནས་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་ཀྲའོ་ལིན་ཡུན་གྱིས་མཛད་སྒོའི་སྟེང་གཏམ་བཤད།

ཚོགས་འདུའི་སྟེང་། ཀྲའོ་ལིན་ཡུན་གྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་པའི་སྐབས་འདིར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་མཐོང་ལམ་འོག་འབྲུག་དཀར་གཙང་བོའི་འབབ་རྒྱུན་གྱི་བོད་ཡིག་གནའ་དཔེ་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་རིག་གཞུང་ཞིབ་བསྡུར་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་བོར་བཟུང་སྟེ་དུས་རབས་གསར་བའི་གནའ་དཔེ་ལས་དོན་ལ་སྐུལ་འདེད་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིན་གྱི་བསམ་འཆར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གནས་བབ་གསར་བའི་འོག་ཀན་སུའུ་བོད་ཡིག་གནའ་དཔེ་ཡིག་ཆ་ཇི་ལྟར་སྔོག་འདོན་དང་ལེགས་སྒྲིག སྲུང་སྐྱོབ། ཞིབ་འཇུག རྒྱུན་འཛིན་དང་དར་སྤེལ་གྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་པ་དང་། དུས་རབས་གསར་བའི་གནའ་དཔེ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་ནན་གྱིས་བསྟན།

ཞིབ་བསྡུར་བྱེད་སྒོའི་སྟེང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་དཔེ་ལེགས་སྒྲིག་ཞིབ་འཇུག་ཁང་གི་འབྲེལ་ཡོད་མི་སྣས་ཡུལ་དངོས་སུ་མཛུབ་སྟོན་བྱས་ཤིང་། འབྲེལ་ཡོད་རིགས་གཅིག་མཁས་དབང་གིས་འབྲུག་དཀར་གཙང་བོའི་འབབ་རྒྱུད་ཀྱི་བོད་ཡིག་གནའ་དཔེ་ཡིག་ཆ་ལེགས་སྒྲིག་བྱ་རྒྱུར་དམིགས་ནས་གྲོས་བསྡུར་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས། བསྡོམས་པས་ཕུལ་བྱུང་དཔྱད་རྩོམ130ལྷག་ཙམ་འབྱོར་བ་ནི་རང་རེའི་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་ཤོས་དང་། གྲུབ་འབྲས་ཆེས་འབུར་དུ་ཐོན་པའི་གྲངས་ཉུང་མི་རིགས་ཀྱི་གནའ་ཤུལ་རིག་གཞུང་བགྲོ་གླེང་བྱ་འགུལ་ཞིག་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号