གནམ་མཚོའི་ཚན་རིག་རྟོག་ཞིབ་རྣམ་གྲངས་འདིས་ཟིན་ཐོ་གསར་པ་བཏོད་འདུག

2024ལོའི་ཟླ7པའི་ཚེས17ཉིན་གྱི་ཆུ་ཚོད13ཐོག ཉིན42རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད།  མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཚན་རིག་རྟོག་ཞིབ་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན་པའི་གནམ་མཚོ་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞི་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་།  ཚན་རིག་རྟོག་ཞིབ་རུ་ཁག་གིས་གནམ་མཚོའི་མཐིལ་དུ་གསོར་ཁུང་བདུན་ཕུག་པ་དང་། གནམ་མཚོའི་མཐིལ་ནས་གཏིང་ཚད་ལ་སྨི951.12ཡོད་པའི་བྲག་སྙིང་བླངས་པ་རེད། དེའི་ནང་། ཁུང་བུ་བདུན་པའི་གསོར་འབིགས་རྩད་ཞིབ་གཏིང་ཚད་སྨི510.2ཟིན་ནས་སླར་ཡང་རང་རྒྱལ་གྱི་མཚེའུ་གསོར་འབིགས་རྩད་ཞིབ་གཏིང་ཟབ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

གནམ་མཚོ་ནི་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པ་སྟེ། ལྷ་ས་དང་ནག་ཆུ་གྲོང་ཁྱེར་གཉིས་ཀྱི་བར་དུ་ཡོད། དེ་ནི་བོད་ལྗོངས་ཀྱི་མཚེའུ་ཆེན་པོ་གཉིས་པ་དེ་རེད། མཚེའུ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4718ཡོད།

ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་རུ་ཁག་གི་འགན་འཁུར་བ།  ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཅུན་པོའོ་ཡིས།  གསོར་འབིགས་རྩད་ཞིབ་སྟེགས་བུའི་ཐོག་ཉིན་མཚན་མེད་པར་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་སྤྱིའི་གཏིང་ཚད་ལ་སྨི་ཆིག་སྟོང་ཙམ་ཟིན་པའི་བྲག་སྙིང་བླངས་ཡོད་ཅིང་། དེ་ཉིད་མཚོ་བོད་ས་མཐོའི་གནའ་བོའི་གནམ་གཤིས་རིག་པ་དང་། མཚེའུ་ཡི་གནའ་བོའི་འབྱུང་ཁམས་དང་རིམ་འགྱུར་སོགས་རིག་ཚན་མང་པོའི་ཞིབ་འཇུག་ཐད་སྤྱོད་ཆོག་ཅེས་གསུངས་ཡོད།  གནམ་མཚོ་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞིའི་ནང་ཞུགས་མཁན་ཞིབ་འཇུག་ལས་ཁུངས་ནི་ཀྲུང་གོ་དང་འཇར་མན། སུའེ་ཙེར། དབྱིན་ཇི་སོགས་རྒྱལ་ཁབ་ནས་ཡིན་པ་དང་ཚན་རིག་རྟོག་ཞིབ་རུ་མི70ལྷག་ཙམ་ཡོད་པ་རེད།  རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་ཉོག་རྫོབ་ཆེ་བ་དང་དུས་ཡུན་རིང་ཞིང་། དེ་སྔོན་སྤེལ་བའི་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞི(ICDPརྣམ་གྲངས)དབར་སྒྲིག་འཛུགས་ལས་དོན་ཐད་མི་འདྲ་ས་ཧ་ཅང་ཆེན་པོ་ཡོད།  རྣམ་གྲངས་ཀྱི་གཙོ་འགན་འཁུར་མཁན་ཚན་རིག་མཁས་ཅན་གྱིས་བརྒྱུད་རིམ་ཧྲིལ་པོའི་ཇུས་འགོད་དང་ལག་བསྟར་གྱི་འགན་འཁུར་ནས།  གོ་ལ་ཧྲིལ་པོའིICDPརྣམ་གྲངས་སྤེལ་རྒྱུར་ཉམས་མྱོང་བཟང་པོ་མཁོ་འདོན་གནང་ཡོད།

བྲག་སྙིང་ནི་མཚེའུའི་མཐིལ་དུ་ཡོད་པའི་དིམ་བསགས་དངོས་པོ་ཞིག་ཡིན་པ་དང་། དེའི་ནང་དུ་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་གི་ཆ་འཕྲིན་ཕུན་སུམ་ཚོགས་པོ་འདུས་ཡོད། གནམ་མཚོ་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞིའི་དབུ་བཞུགས་ཚན་རིག་མཁས་ཅན། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲུའུ་ལི་ཕིང་གིས།  མཐར་གསོར་འབིགས་རྩད་ཞིབ་ཀྱི་གཏིང་ཚད་སྨི་510.2ཟིན་ནས་སྔོན་དཔག་གསོར་འབིགས་རྩད་ཞིབ་འཆར་གཞི་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་ཡོད།  ཟླ་བ་གཅིག་ལྷག་ཙམ་རིང་གསོར་འབིགས་རྩད་ཞིབ་ལས་དོན་སྤེལ་རིང་། ཚན་རིག་རྟོག་ཞིབ་རུ་མིས་རླུང་རླབས་ཆེ་བ་སོགས་ཀྱི་གནམ་གཤིས་ངན་པ་ཁྱད་བསད་བྱས་ཐོག གསོར་འབིགས་རྩད་ཞིབ་ལག་རྩལ་གྱི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་ནས། གཏིང་ཚད་ལ་སྨི་1400ལྷག་ཙམ་ཟིན་པའི་གསོར་འབིགས་རྩད་ཞིབ་ལེགས་གྲུབ་བྱས་པ་དང་། གཏིང་ཚད་ལ་སྨི་སྟོང་ཙམ་ཡོད་པའི་མཚེའུའི་མཐིལ་ནས་ནུས་ལྡན་བྲག་སྙིང་བླངས་ཡོད་ཅིང་། དེས་མཚོ་བོད་ས་མཐོའི་འདས་ཟིན་པའི་ལོ་ངོ་ཁྲི་བརྒྱ་ཕྲག་རིང་གི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུར་ཚན་རིག་གི་བདེན་དཔང་གསར་པ་མཁོ་འདོན་ཐུབ་རྒྱུ་རེད། 

 ད་ཐེངས་ཀྱི་གནམ་མཚོ་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞི་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེས་ཁྱོན་ཡོངས་ནས་ལག་བསྟར་བྱེད་གྲབས་ཡོད་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི2024ལོའི་ལོ་འཁོར་གྱི“ས་མཐོ་གཅིག་དང་མཚེའུ་གཉིས། གཙང་པོ་གསུམ”གྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོར་ཡང་འགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号