འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ལུགས་ཀྱི་གྲོ་ཞུན།

"བོད་ལུགས་ཀྱི་གྲོ་ཞུན་བཟོ་རྩལ"ནི་རྩེ་ཁོག་རྫོང་གི་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་ལ་རྩེ་ཁོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་བཟའ་བཏུང་རིག་གནས་ཤིག་ཀྱང་ཡིན། དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བརྒྱུད་སྤེལ་བྱ་ཆེད། ཉེ་ཆར། ཟླ་གཅིག་ལྷག་ཙམ་ལ་རྒྱུ་ཆ་འདེམས་པ་དང་སྤྱིའི་བཟོ་དབྱིབས། སྟེང་གི་ཕྲ་རྒྱན་སོགས་ལས་སྣོན་བྱས་པ་བརྒྱུད་འཛམ་གླིང་སྟེང་ཆེས་ཆེ་བའི་བོད་ལུགས་ཀྱི་གྲོ་ཞུན་དེ་བཟོས་ནས་ལེགས་གྲུབ་བྱུང་ཡོད།

གྲོ་ཞུན་ཀྱི་ཚངས་ཐིག་ལ་སྨི3ཡོད་པ་དེའི་མཚོན་དོན་ནི"བོད་ཀྱི་བཀྲ་ཤིས་ནོར་བུ་གསུམ"ཞེས་པ་མཚོན་པ་དང་། མཐིལ་གྱི་མཐུག་ཚད་ལ་ལི་སྨི24ཡོད་པའི་མཚོན་དོན་ནི་རྟེན་འབྲེལ་ལེགས་ཚོགས་འཛོམས་པའི་སྤྱི་ལོ2024བཀྲ་ཤིས་པའི་འབྲུག་ལོ་མཚོན་པ་དང་། སྤྱིའི་མཐོ་ཚད་ལ་ལི་སྨི75ཡོད་པ་དེས2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75འཁོར་བའི་མཚོན་དོན་ཡིན་པ་དང་། སྤྱིའི་ལྗིད་ཚད་ལ་རྒྱ་མ6550ཡོད་པ་དང་། མཚོན་དོན་ནི་རྩེ་ཁོག་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6550ཡོད་པ་མཚོན། དེ་མིན་གྲོ་ཞུན་སྟེང་གི་ཕྲ་རྒྱན་སྣ་ཚོགས་ལས་རྩེ་ཁོག་གི་རི་ཆུ་རྩྭ་ཐང་སོགས་རང་བྱུང་སྣོད་བཅུད་ཀྱི་མཛེས་པ་མཚོན་པ་དང་ཞིམ་མངར་གྱི་བཟའ་བཏུང་ཁྲོད་སྣོད་བཅུད་རྩེ་ཁོག་གི་ཡིད་དབང་འཕྲོག་ཤུགས་སྔར་ལས་མངོན་པར་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号