ལྷ་སའི་གནའ་བོའི་ར་སྐོར་ལ་གསོན་ཤུགས་རབ་ཏུ་རྒྱས་པ།

སྲང་ལམ30ལྷག་གིས་ལྷ་ལྡན་གཙུག་ལག་ཁང་བསྐོར་ནས་ཕྱི་ཕྱོགས་སུ་སྲིང་པ་དེས་མཉམ་གྱིས་བར་སྐོར་ལྟེ་གནས་སུ་འཛིན་པའི་བར་སྐོར་གནའ་བོའི་གྲོང་ཁྱེར་གྲུབ་པ་དང་། གནས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་འབྱུང་གནས་ཡིན།

བར་སྐོར་སྲང་ལམ་གྱིས་ལོ1300ལྷག་གི་ལོ་རྒྱུས་རིག་གནས་ཀྱི་གནའ་བོའི་སྲང་ལམ་གྲུབ་ཡོད་ལ། དེར་གནའ་བོའི་བཟོ་བཀོད་ཀྱི་ར་སྐོར་ཆེན་མོ56ཁྱབ་ཡོད་པ་མ་ཟད། ར་སྐོར་ཆེན་མོ་རེ་རེ་ནི་ལོ་རྒྱུས་གསོན་པོ་ཞིག་ཡིན་པས་ལོ་ངོ་སྟོང་ཕྲག་རིང་གི་གཏམ་རྒྱུད་བརྗོད་བཞིན་ཡོད། ད་ལྟའི་བར་དུ་གནའ་བོའི་ར་སྐོར་དེ་དག་གིས་ཚོང་ལས་དར་ཞིང་མི་ཆོས་གཏིང་ཟབ་ཡོངས་སུ་འདྲེས་ཏེ་སྲོལ་རྒྱུན་གྱི་མཚོན་བྱེད་ལུས་པ་མ་ཟད་དེང་རབས་ཀྱི་ཆ་ཡང་འདྲེས་ཡོད།

ཀུན་བཟང་རྩེའི་ཁའོ་ཧྥེ་ཁང་། 

སྔོན་ཆད་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཡོངས་སུ་མངོན་པའི་ར་སྐོར་ཆེན་མོ་དེ་དག་གིས་ད་ལྟ་རྣམ་པ་གསར་བའི་སྒོ་ནས་འཛམ་གླིང་བསུ་བཞིན་ཡོད། གྲོང་ཁྱེར་འཕེལ་རྒྱས་བྱུང་བ་དང་བསྟུན་གནའ་བོའི་བཟོ་བཀོད་ཡོད་པའི་གནས་དེ་དག་ཏུ་ཟ་ཁང་དང་མགྲོན་ཁང་། རིག་གནས་གསར་སྐྲུན་ཚོང་ཁང་སོགས་ཀྱི་དེང་རབས་ཅན་གྱི་ལས་རྣམ་བསྐྲུན་པས། གནའ་བོའི་ར་སྐོར་དེ་དག་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ནས་ཡིད་དབང་འཕྲོག་པའི་ཆ་རུ་གྱུར།

བར་སྐོར་སྲང་ལམ་དུ་ཆགས་པའི་ཀུན་བཟང་རྩེ།

བར་སྐོར་སྲང་ལམ་དུ་ཡོད་པའི་ཀུན་བཟང་རྩེ་རུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཐོག་ཁང་ཡོད་པས་སྐྱེ་སྟོབས་གསར་བ་མངོན་བཞིན་ཡོད། ར་སྐོར་ཆེན་མོ་དེ་ནང་བསྐྱོད་ཚེ་མིག་ལམ་དུ་མངོན་པ་ནི་ཐོག་བརྩེགས་དང་པོའི་ནུབ་བྱང་ཕྱོགས་ཀྱི་ཟུར་ན་བོད་ཀྱི་སྒྲིག་སྦྱོར་བྱས་པའི་ཁའོ་ཧྥེ་འཐུང་ས་ཞིག་ཡིན། མགྲོན་པོ་ཚོ་དེར་རྒྱུ་ཞིང་ཁའོ་ཧྥེ་ཡི་དྲི་ཞིམ་ར་སྐོར་ནང་འཐུལ་ནས་གནའ་བོའི་ར་སྐོར་དེར་གསོན་ཤུགས་ལྡན་པར་བཅུག

གནའ་བོའི་ར་སྐོར་ཁའོ་ཧྥེ་ཁང་ནང་གི་མགྲོན་པོ་ཞིག

ལོ28ཡིན་པའི་བསྟན་འཛིན་ཐུབ་སྐྱོབ་ཀྱིས་ཉིན་རེར་མགྲོན་པོ་ཚོར་ཁའོ་ཧྥེ་ལས་བཞིན་ལས་པ་དང་། ཇ་དང་ཁ་ཟས་ཀྱང་གྲ་སྒྲིག་བྱེད་བཞིན་ཡོད། ཁའོ་ཧྥེ་ཁང་གི་སྒྲིག་སྦྱོར་ལ་ཇ་ཕོར་རྙིང་བ་དང་བརྙན་འཕྲིན་འཕྲུལ་ཆས་རྙིང་བ་སོགས་ཡོད་པ་ཚང་མ་རང་གི་ཡུལ་ནས་ཁྱེར་ཡོང་བ་ཡིན། བསྟུན་འཛིན་ཐུབ་སྐྱོབ་ཆུང་དུས་ནས་ར་སྐོར་དེ་ནང་ནས་འཚར་ལོངས་བྱུང་བ་ཡིན་པས། དངོས་པོ་དེ་དག་གིས་ཁོའི་བྱིས་དུས་ཀྱི་འཚོ་བ་མཚོན་བཞིན་ཡོད། 

བསྟན་འཛིན་ཐུབ་སྐྱོབ་ཀྱིས་མགྲོན་པོར་ཁའོ་ཧྥེ་ཁྱེར་བཞིན་པ།

ར་སྐོར་དེ་ནང་དུ་ཉིན་རེར་གཏམ་རྒྱུད་གསར་བ་བྱུང་བཞིན་ཡོད། ལོ་ཚོད་མི་འདྲ་བ་དང་ལས་རིགས་མི་འདྲ་བ། རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་གནས་དེར་མཉམ་དུ་འཛོམས་ནས་རང་གི་གཏམ་རྒྱུད་དང་སེམས་ཁམས་བརྗོད་བཞིན་ཡོད། ལོ70ལོན་པའི་ཨ་མ་རྒན་མོ་ཞིག་གིས་ཁའོ་ཧྥེ་ཁང་ནས་མིག་ཆུ་འཁོར་བཞིན་རང་གི་གཏམ་རྒྱུད་བརྗོད་བཞིན་ཡོད། ཡང་མོས་ཁའོ་ཧྥེ་ཁང་གི་བདག་པོས་དངོས་པོ་རྙིང་བ་ཉར་ཚགས་བྱས་པ་ལེགས་པར་བརྗོད་ནས་རང་ཚང་གི་འཁར་གཞོང་ཁའོ་ཧྥེ་ཁང་ལ་བྱིན། ཡང་ད་ལོར་ལོ28ཡིན་པའི་དབྱིན་ཡིག་གི་དགེ་རྒན་རྩེ་ཏུང་གིས་གནས་དེ་ནས་བྱིས་པ་ཚོར་དབྱིན་ཡིག་ཁྲིད་པ་དང་། ཁོས“ངས་སྐབས་རེར་གནས་འདི་ནས་སློབ་ཁྲིད་བྱེད་བཞིན་ཡོད། ཁའོ་ཧྥེ་ཁང་ཡང་དབྱིན་ཡིག་སློབ་སར་གྱུར་བས། ཚང་མས་དབྱིན་ཡིག་དང་དབྱིན་སྐད་སློབ་ཐུབ་ལ། ངས་ཀྱང་སྦྱིན་བདག་ལ་དབྱིན་སྐད་ཁྲིད་བཞིན་ཡོད”ཟེར།

དབྱིན་སྐད་ཁྲིད་བཞིན་པ།

ར་སྐོར་དེས་ལྷ་སའི་མི་གྲངས་ལས་འདས་པ་ཞིག་གི་འདས་པའི་འཚར་ལོངས་མཚོན་པ་མ་ཟད། ན་གཞོན་པ་དང་བརྩེ་བ་འཛུགས་བཞིན་ཡོད། “ང་ར་སྐོར་ནང་དུ་འཚོ་བ་རོལ་མ་མྱོང་བས་ངས་གནས་འདིའི་འཚོ་བར་རེ་སྨོན་བཅངས་བཞིན་ཡོད”ཅེས་རྩེ་ཏུང་གིས་དེ་ལྟར་བཤད། ར་སྐོར་ནང་གི་ཁའོ་ཧྥེ་ཁང་གིས་ཁོ་ལ་ཐོལ་ཤེས་སྐྲུན་པས་ཉེ་ལམ་ཁོས་བར་སྐོར་སྲང་ལམ་སྐོར་གྱི་བརྩམས་སྒྲུང་ཞིག་འབྲི་བར་གྲ་སྒྲིག་བྱེད་བཞིན་ཡོད།

མེ་ཏོག་གསེང་གི་གནའ་བོའི་ཁའོ་ཧྥེ་ཁང་།

ཀུན་བཟང་རྩེ་ནི་ལྷ་སའི་གནའ་བོའི་བཟོ་བཀོད་ནང་གི་མཚོན་བྱེད་ཙམ་ཡིན། ད་ལྟའི་གནའ་བོའི་ར་སྐོར་ཆེན་མོ་ནི་ཡང་ན་ཡུལ་སྐོར་པར་ལེན་གནས་མཆོག་དང་། ཡང་ན་གནའ་བོའི་ཟས་མངར་གཡོད་སྦྱོར་གནས། ཡང་ན་སྡོད་དམངས་ཀྱི་ཉིན་རྒྱུན་འཚོ་བའི་རོལ་སར་གྱུར་ཡོད། བཟོ་བཀོད་དེ་དག་གིས་ལོ་རྒྱུས་ལ་བཀུར་ཞིང་རྒྱུད་འཛིན་བྱེད་པའི་ཁྲོད་དེང་རབས་ཀྱི་འཚོ་བའི་ཐབས་ལམ་ལ་ཡང་འཚོལ་ཞིབ་དང་གསར་སྐྲུན་བྱེད་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号