བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས2024ལོའི“སྲིད་གྲོས་སློབ་ཁྲིད”ཐེངས་དྲུག་པ་སྤེལ་བ།

ཚེས8ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས“སྲིད་གྲོས་སློབ་ཁྲིད”ཐེངས་དྲུག་པ་སྤེལ་བ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའམ། ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་པ། ཨ་རིའི་སའི་གོ་ལའི་དངོས་ལུགས་རིག་པའི་མཉམ་འབྲེལ་ལྷན་ཚོགས(AGU)ཀྱི་ཚོགས་མི་ཡའོ་ཐན་ཏུང་གདན་ཞུ་བྱས་ཏེ།“མཚོ་བོད་ཚན་རིག་རྟོག་ཞིབ་་ཐེངས་གཉིས་པས་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར”ཞེས་པར་བརྗོད་དོན་དུ་བཟུང་ནས་ཆེད་དོན་འཆད་ཁྲིད་སྤེལ།

བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མེང་ཞའོ་ལིན་དང་། སྒྲུབ་ཁང·ཐུབ་བསྟན་མཁས་གྲུབ་འཆད་ཁྲིད་སྟེང་ཕེབས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་གིས་འཆད་ཁྲིད་བྱ་འགུལ་ལ་གཙོ་སྐྱོང་གནང་བ་རེད།

ཡའོ་ཐན་ཏུང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཚན་རིག་དོན་སྙིང་དང་། རྒྱལ་ཁབ་ཀྱི་འཐབ་ཇུས། ཚན་རིག་གི་ཁྱད་ཆོས། སྤྱི་ཚོགས་ཀྱི་ཕན་འབྲས། དེ་བཞིན་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ངེས་གཏན་དམིགས་ཚད་དང་འཕེལ་རིམ། མ་འོངས་བའི་ཁ་ཕྱོགས་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་བྱས།

བྱ་འགུལ་ལས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་བཏང་ནས། འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་སྟེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་དང་ཐཱན་གཉིས་དམིགས་འབེན། མི་དང་རང་བྱུང་ཚེ་སྲོག་ཐུན་མོང་ཚོགས་པ་སོགས་ཀྱི་གནད་དོན་ལ་རང་འགུལ་ངང་དམིགས་པ།  བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཨུ་ཡོན་ཚོའི་རིག་སྟོབས་འདུས་པའི་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་འགན་འཁྲི་སྒྲུབ་པའི་གྲུབ་འབྲས་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་འཐབ་ཇུས་ལ་རོགས་རམ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号