བོད་ལྗོངས་ཀྱིས2024ལོའི་དཔེ་མཚོན་འཁྱགས་རོམ་དང་འཁྱགས་རོམ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་འཇལ་དང་དཔྱད་དཔག་བྱས་པ།

ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱིས2024ལོའི་དཔེ་མཚོན་འཁྱགས་རོམ་ཕྱི་རོལ་རྟོག་ཞིབ་དང་མཇུག་སྣེ་རང་འགུལ་ལྟ་ཞིབ་ཚད་འཇལ་སྒྲིག་བཀོད་ཀྱི་ཡུལ་དངོས་ལྷུ་སྒྲིག་བྱེད་བཞིན་པའི་སྒང་ཡིན། རྟོག་ཞིབ་མཇུག་འབྲས་ཀྱིས་བོད་ལྗོངས་ཀྱི་དཔེ་མཚོན་འཁྱགས་རོམ་ལྟ་ཞིབ་ཚད་འཇལ་དཔྱག་དཔག་ཐད་གཞི་གྲངས་ཀྱི་རྨང་གཞི་མཁོ་འདོན་བྱས་ནས། དེ་མཐོ་སྒང་གི་གནམ་གཤིས་དང་འཁྱགས་རོམ་གྱི་འགྱུར་ལྡོག འཁྱགས་རོམ་གྱི་ཆུའི་ཐོན་ཁུངས་འགུལ་རྣམ། འཁྱགས་རོམ་ཞི་ཁུལ་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་ཕྱོགས་ལ་ཚན་རིག་གི་གཞི་རྟེན་མཁོ་འདོན་བྱ་རྒྱུ་རེད།

ལས་དོན་མི་སྣས་མཚོ་ངོས་གཞི་གྲངས་བསྡུ་ལེན་བྱེད་བཞིན་པ།

ཐེངས་འདིའི་རྟོག་ཞིབ་ཀྱིས་བོད་རང་སྐྱོང་ལྗོངས་མངའ་ཁོངས་སུ་ཆགས་པའི་དཔེ་མཚོན་འཁྱགས་རོམ7བདམས་པ་དང་། འཁྱོགས་རོམ་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ20ལས་ཆེ་ཞིང་ཁྱབ་པའི་ས་བབ་ཁྱབ་ཁོངས་སྨི3843ནས7010བར་ཡིན། འཁྱགས་རོམ་གྱི་རིགས་ལ་གཙོ་བོ་གཡོགས་པའི་འཁྱགས་རོམ་དང་རྒྱ་མཚོ་རང་བཞིན་དང་སྐམ་ས་རང་བཞིན་གྱི་འཁྱགས་རོམ་འདུས་ཡོད། རྟོག་ཞིང་རུ་ཁག་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་དང་ཀྲུང་གོ་ཚན་རིག་ཁང་། ཆུ་བེད་པུའུ་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་ཁང་གི་འབྲེལ་ཡོད་ཚན་ཞིབ་མི་སྣས་མཉམ་འབྲེལ་ངང་གྲུབ་པ་ཡིན།

“སྒྲིག་བཀོད་གསར་བའི་སྒྲིག་ཆས་གྱིས་སྐར་མ5ནང་གཞི་གྲངས་བསྡུ་ལེན་བྱས་ནས་དུས་ལྟར་ཐོ་འགོད་བྱས་བཞིན་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་། ཆུ་བེད་པུའུ་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཆའོ་ཡིས་དེ་ལྟར་ངོ་སྤྲོད་བྱས། ཡང་ཁོས“འདི་ནི་ཡུན་རིང་གི་གཞི་གྲངས་གསོག་ཉར་གོ་རིམ་ཞིག་ཡིན་པས། བསྡུ་ལེན་བྱས་པའི་ཡུལ་དངོས་ལྟ་ཞིབ་ཚད་འཇལ་གཞི་གྲངས་ཀྱིས་འཁྱགས་རོམ་གྱི་འགྱུར་ལྡོག་གོ་རིམ་དང་། སྨད་རྒྱུད་ཀྱི་ཆུའི་ཐོན་ཁུངས། སྐྱེ་ཁམས་གནོད་འཚེ་ཁོར་ཡུག་གི་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་འཇལ་དང་ཐོ་འགོད་བྱེད་རྒྱུ་རེད། དེ་མིན་སྔོན་ན་དེ་དང་འབྲེལ་བའི་སྲུང་སྐྱོང་ཐབས་ལམ་དང་ཇུས་འགོད་འདོན་དགོས”ཟེར།

རྟོག་ཞིབ་རུ་ཁག་གིས་བཙུགས་པའི་སྒྲིག་བཀོད་གསར་བ། 

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་བཟོ་བཀོད་པ་ཁྲེང་ཆིན་ཆིན་གྱིས། ཐེངས་འདིའི་རྟོག་ཞིབ་ཀྱིས་གཙོ་བོ་རྒྱང་ཚོར་འཁོར་སྐར་ལྟ་ཞིབ་ཚད་འཇལ་དང་། དངོས་དཔེ་བསྡུ་ལེན། མི་མེད་པར་ཆས་ལྟ་ཞིབ་ཚད་འཇལ་སོགས་ཀྱི་ལག་རྩལ་བརྒྱུད་དེ་འཁྱགས་རོམ་དང་ཆུ་རིས་གོ་རིམ། འཁྱགས་རོམ་སྐྱེ་ཁམས་མ་ལག་སྒྲིག་གཞི་དང་ནུས་བ་སོགས་ཞིབ་འཇུགས་དམིགས་ཡུལ་བྱས་ནས། དཔེ་མཚོན་འཁྱགས་རོམ་གྱི་འགྱུར་ལྡོག་ཁྱད་ཆོས་དང་ཆུ་རིས་གོ་རིམ་ཕྱོགས་ཀྱི་རྟོག་ཞིབ་ལེགས་འགྲུབ་ཟིན་ཞིང་། སྤྱི་ཆ་ནས་བོད་ལྗོངས་གནམ་གཤིས་འགྱུར་ལྡོག་རྒྱབ་ལྗོངས་འོག་གི་འཁྱགས་རོམ་གྱི་འགྱུར་ལྡོག་ཆོས་ཉིད་དང་འཁྱགས་རོམ་འགྱུར་ལྡོག་གིས་གྲུབ་པའི་ཆུ་རིས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཕན་ནུས་དཔྱད་དཔག་ལས་དོན་ལེགས་འགྲུབ་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号