སེམས་ཀྱི་ཉི་ཟླའི་གདོང་ལེན་དཔེ་མཛོད་ཁང་དངོས་སུ་སྒོ་འབྱེད་པ།

ཟླ6པའི་ཚེས22ཉིན། སེམས་ཀྱི་ཉི་ཟླའི་གདོང་ལེན་དཔེ་མཛོད་ཁང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་ཝུའུ་ཀོང་ཚན་ཆུང་ནས་དངོས་སུ་སྒོ་འབྱེད་པ་དང་། སྲོལ་རྒྱུན་གྱི་བོད་ཀྱི་ཁང་བ་རྣམ་པ་གསར་བར་སྒྱུར་ཞིང་། དཔེ་མཛོད་ཁང་སུ་ལྟ་བས་མི་ཁོམ་པའི་དཔེ་ཆ་དང་ཕུན་སུམ་ཚོགས་པའི་རིག་གནས་གསར་བསྐྲུན་ཐོན་རྫས། ཁའོ་ཧྥེ་སོགས་བཤམས་ཡོད། དཔེ་མཛོད་ཁང་གིས་ལས་རྣམ་གསར་བ་དང་མཉམ་འདྲེས་བྱས་ནས་ཐུན་མོང་མ་ཡིན་པའི་མཚོན་རྟགས་བཏོད་ཡོད་པ་མ་ཟད། ཀློག་པ་པོའི་དགོས་མཁོ་ཡང་ཡོངས་སུ་བསྐྲུན་ཡོད།

རྒྱུས་ལོན་ལྟར་ན། སེམས་ཀྱི་ཉི་ཟླའི་གདོང་ལེན་དཔེ་མཛོད་ཁང་གིས་ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། དེང་རབས་ཀྱི་མི་ཆོས་བསམ་ཕྱོགས་ལྡན་པ། མཐོ་སྒང་གི་ས་གཤིས་ཁྱད་ཆོས་དང་རིག་གནས་གསར་བསྐྲུན་ཡུལ་སྐོར་འདུ་ཤེས་ཅན་གྱི་རིག་གནས་ཡུལ་སྐོར་ས་ཁུལ་གསར་བ་བཏོད་དེ། རིག་གནས་མཚོན་རྟགས་དེ་ཡིས“སེམས་ཀྱི་ཉི་ཟླའི”གསེར་གྱི་མིང་རྟགས་འདི་ལ་དུས་རབས་ཀྱི་ཁྱད་ཆོས་དང་གསར་སྐྲུན་གྱི་གསོན་ཤུགས་སྣོན་ནས། འཛམ་གླིང་གི་སེམས་ཀྱི་ཉི་ཟླས་རབ་མཛེས་མི་ཆོས་རྣམ་པ་དང་སྲོལ་རྒྱུན་ཕུལ་བྱུང་རིག་གནས་མངོན་བྱེད་དང་། དེང་རབས་དཔལ་ཡོན་དང་མཉམ་འདྲེས་བྱེད་པའི་རིག་གནས་མགྲོན་ཁང་ལྟ་བུ་གཏོད་རྒྱུ་རེད།

སྲོལ་རྒྱུན་གྱི་དཔེ་མཛོད་ཁང་དང་མི་འདྲ་བར། སེམས་ཀྱི་ཉི་ཟླའི་གདོང་ལེན་དཔེ་མཛོད་ཁང་གིས་ཚོང་གཉེར་འདུ་ཤེས་དཔེ་ཀློག་རོལ་མྱོང་དང་རིག་གནས་བརྗེ་རེས་ཀྱི་བར་གསེང་མཁོ་འདོན་བྱེད་པ་གཙོ་བོར་འཛིན་པ་མ་ཟད། ཀློག་པ་པོར་བདེ་ཞིང་སྐྱིད་པའི་ཁོར་ཡུག་བསྐྲུན་ནས་དུས་ཚོད་མང་པོ་དཔེ་མཛོད་ཁང་དུ་བེད་སྤྱོད་པ་དང་བསམ་བློ་གཏོང་བར་སྐུལ། དེ་དང་ཆབས་ཅིག་ཏུ་དཔེ་མཛོད་ཁང་གིས་གསར་སྤེལ་བྱས་པའི་རིག་གནས་གསར་བསྐྲུན་ཐོན་རྫས་མཁོ་འདོན་བྱས་ནས། རྒྱ་ཆེའི་ཀློག་པ་པོར་སྣ་མང་རང་བཞིན་གྱི་རིག་གནས་དགོས་མཁོ་མཁོ་འདོན་བྱས།

ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཅིག་བསྡུས་ངང་གྲོང་རྡལ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་གཅིག་བསྡུས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། རིག་གནས་དམངས་ཕན་རྣམ་གྲངས་ལག་བསྟར་དང་མི་རིགས་སོ་སོའི་མང་ཚོགས་སྤྲོ་བ་ལྡན་ས་དང་ཐུགས་ཁུར་བྱེད་ས་ལ་རང་འགུལ་འཚོལ་ཞིབ་བྱས་ནས། དཔེ་ཀློག་སྐུལ་འདེད་ཐབས་ལམ་ཁྱབ་གདལ་བཏང་ནས་གཏིང་ཟབ་སྒོས་དཔེ་ཀློག་བྱ་འགུལ་སྤེལ་ནས། དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་གྱིས་མུ་མཐུད་དུ་དཔེ་ཀློག་གི་གཏོང་ཟབ་དང་རྒྱ་བསྐྱེད་ས་ཇེ་ཆེར་གཏོང་བ། དམངས་ཡོངས་དཔེ་ཀློག་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། མ་འོངས་པར་སེམས་ཀྱི་ཉི་ཟླ་ཡིས་ཤུགས་ཆེན་པོས་དཔལ་ཡོན་རྗེས་མཐུད་རྒྱུད་འཛིན་ལ་སྐུལ་འདེད་བྱས་ནས་རིག་གནས་རང་རྟོན་བརྟན་དུ་བཏང་ནས་མཐུན་སྒྲིལ་མདོན་བསྐྱོད་ཀྱི་བསམ་པའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号