གསའ་ཕུ་གངས་རི་དང་ཉེ་བར་བཅར་ནས་མཐོ་སྒང་གི་གསང་ཡུལ་འཚོལ་བ།

གསའ་ཕུ་གངས་རི་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་གི་གཏིང་ཟབ་སར་གནས་ཤིང་། དེ་ནི་རང་བྱུང་ཁམས་ཀྱི་བརྩམས་ཆོས་ལྟ་བུ་ཡིན། རྔམ་བརྗིད་ལྡན་པའི་གངས་འདབས་སུ་འཁྱགས་རོམ་ནི་དུས་ཚོད་ཀྱི་རྐང་རྗེས་ཞིག་དང་འདྲ་ཞིང་ལྷང་འཇིགས་ངང་བཞུར་པ་དང་། མཚོ་དང་མཚེའུ་ཤེལ་ལྟར་དྭངས་ཤིང་གསལ་བས་ནང་གནམ་མཁའི་དྲངས་གཙང་དང་གངས་རིའི་གྲིབ་གཟུགས་འཆར། ཡངས་ཤིང་རྒྱ་ཆེ་བའི་སྔོ་ལྗང་གི་རྩྭ་ཐང་དུ་ནོར་ལུག་གི་ཁྱུ་ཡིས་ཁེངས་ནས་ཡོད་ཚད་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན། གནས་དེའི་མཛེས་ལྗོངས་ནི་མི་ཡུལ་གྱི་ལྷ་ཡི་ཞིང་ཁམས་དང་འདྲ་བར་མཛེས་བ་བསྐྲུན་པས། ཡུལ་སྐོར་པ་གྲངས་ལས་འདས་པ་ཞིག་གིས་གནས་དེ་རུ་པར་ལེན་ཞིང་དེའི་ཕྱོགས་སུ་འདུན་པ་བཅངས་ཡོད།

“མིག་མདུན་གྱི་མཛེས་ལྗོངས་ནི་དེ་འདྲའི་མཛེས་པས། ང་ཚོས་ཅི་ལྟར་རོལ་མྱོང་བྱས་ཀྱང་མི་ནང་དུ་མི་ཤོང་ལ། པར་ཆས་བརྒྱུད་དེ་པར་བླངས་ཀྱང་མཛེས་པའི་ཡུལ་ལྗོངས་རེ་རེ་པར་ལེན་མི་ཐུབ། སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ་ཐོག་པར་དང་བརྙན་མང་པོ་བསྐུར་ཡང་ད་དུང་མཛེས་ལྗོངས་ལ་ལ་མངོན་ཐུབ་མེད་པའི་ཚོར་བ་ཞིག་སྐྱེས། སྐད་ཆས་ཀྱང་མཛེས་བ་དེ་བརྗོད་དཀའ་ལ། ཡང་ང་ཚོའི་མཛེས་ལྗོངས་དང་ཁ་གཏད་པའི་སེམས་པ་གཏན་ནས་མཚོན་མ་ཐུབ”ཅེས་ཧུའུ་ནན་ནས་ཡོང་བའི་ཡུལ་སྐོར་པ་ཀྲང་ཞའོ་མིན་དང་ལི་ཧྥེང་བཟའ་ཟླ་གཉིས་ཀྱིས་གསའ་ཕུ་གངས་རི་ལ་དེ་ལྟར་བསྟོད་བསྔགས་བརྗོད། མཛེས་ཤིང་སྡུག་པའི་རང་བྱུང་ཁམས་དེ་ནང་དུ་དབུགས་རིང་འབྱིན་པ་ནི་ཁོ་ཚོས་རང་བྱུང་ཁམས་ལ་བསྟོད་པའི་སྒྲ་ཡིན་པ་མ་ཟད། ཁོ་ཚོའི་སེམས་ནང་གི་དྲན་ཚུལ་ངོ་མ་ཡིན།

ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། གསའ་ཕུ་གངས་རི་དེ་རིམ་བཞིན་ཡུལ་སྐོར་པའི་གནས་མཆོག་ཏུ་གྱུར་ཡོད། ཡུལ་སྐོར་པ་མང་པོས་གནས་དེ་ཐོས་རྗེས་ཡོང་བ་ཡིན། ཁོ་ཚོས་གསང་ཡུལ་གསའ་ཕུ་ནས་རང་གི་རྐང་རྗེས་བཞག་པ་མ་ཟད། མཛེས་སྡུག་ལྡན་པའི་དྲན་རྟེན་བཞག་པ་རེད།

ངོ་མཚར་ལྡན་པའི་ས་གཞི་འདི་དང་ཁ་བྲལ་དུས། རང་བྱུང་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ཁྱེད་རང་བཀུག་པ་དང་། པར་ལེན་དང་རྐང་ཐང་འགྲོ་བ། སེམས་ནང་གི་ལྷིང་འཇགས་འཚོལ་ན། གསའ་ཕུ་རུ་ཁྱེད་ཀྱིས་རང་གི“སྙན་ངག་དང་རྒྱང་རིང”འཚོལ་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号