རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་པཎྜི་ཏ་མཉེན་ཆས་དག་གི་བྱེད་ནུས་དང་ཁྱད་ཆོས།

པཎྜི་ཏ་ལོ་ཙཱ་དང་ཚིག་མཛོད། ཡིག་ཚང་། ཡིག་གཟུགས་ངོས་འཛིན། བོད་ལུགས་གསོ་རིག རིས་བཤེར་ལོ་ཙཱ་དག་ནི། iosདངAndroidདང་། PCརྩིས་འཁོར་དང་ཁ་པར། སྐད་འཕྲིན་གྱི་བྱ་རིམ་ཆུང་བ་བཅས་ནས་རིན་མེད་ངང་ཕབ་ལེན་དང་བཀོལ་སྤྱོད་བྱས་ཆོག མཉེན་ཆས་ཀྱི་ཕྱིའི་འཆར་ངོས་སུ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེ་ལམ་ནས་རང་གི་འདོད་མོས་བཞིན་བརྗེ་རེས་བྱས་ཆོག འདི་ནི་རྩིས་འཁོར་དུ་བཀོལ་སྤྱོད་བྱེད་པའི་དྲ་གནས་ཡིན།
༡ པཎྜི་ཏ་ལོ་ཙཱ།  

བསྒྱུར་བྱའི་སྤུས་ཚད་མཐོ་ཞིང་འགྱུར་ཡག་པ། དེང་གི་ཆ་འཕྲིན་ལག་རྩལ་གྱི་ཆེས་སྔོན་ཐོན་གྱི་སྐད་བརྡའི་དཔེ་དབྱིབས་དང་། གཞི་རྒྱ་ཆེས་ཆེ་བའི་རྒྱ་བོད་སྐད་བརྡའི་དོ་མཉམ་པའི་ཐོན་ཁུངས་ཀྱི་གཞི་མཛོད་གཞིར་བཟུང་བ་དང་། བོད་སྐད་ཀྱི་བརྡ་སྤྲོད་པའི་སྦྱོར་བ་དང་སྐད་གཉིས་ཀྱི་མིང་མཛོད་ཟུང་དུ་སྦྲེལ་བ་བཅས་ཀྱི་ཁྱད་ཆོས་རྩལ་དུ་ཐོན་ཡོད་པས་བོད་རྒྱ་ཡིག་སྒྱུར་ཕན་ཚུན་རེས་མོས་སུ་བསྒྱུར་བར་བེད་སྤྱོད་བྱས་ཆོག མིག་སྔར་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་བསྒྱུར་བྱའི་བུ་ཡིག་གི་འགྱུར་ཚད92%ལ་སླེབས་ཡོད།

འགྱུར་མང་པ་དང་རང་འགུལ་ངང་སྐད་ཆར་ཚད་ལེན་བྱེད་པ། སྤྱོད་མཁན་གྱི་དགོས་མཁོར་ལྟར་བསྒྱུར་ཡིག་སྣ་མང་མཁོ་སྤྲོད་དང་ལོ་ཙཱ་བྱེད་ཐུབ་པར་མ་ཟད། སྐད་རིགས་ངོས་འཛིན་གྱི་ནུས་པ་ལྡན་ཞིང་སྤྱོད་མཁན་གྱི་དགོས་མཁོ་ལྟར་ལོ་ཙཱའི་ཁ་ཕྱོགས་ཤེས་པ། གཙོ་ཆེར་གསར་འགྱུར་དང་གཞུང་ཡིག་བེད་སྤྱོད་བྱ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

༢ པཎྜི་ཏ་ཚིག་མཛོད།

མིང་བརྡའི་མཛོད་རྒྱ་ཆེ་བ། རྨང་གཞིའི་མིང་བརྡ་ཁྲི22.6ལྷག་དང་། ཆེད་ལས་ཀྱི་མིང་བརྡ་ཁྲི28.7ལྷག མིའི་མིང་ཁྲི1.3ལྷག ས་མིང་ཁྲི7.4བཅས་ཁྱོན་བསྡོམས་མིང་བརྡ་ཁྲི70ཡོད།

མིང་བརྡའི་སྤྲིན་རིས། བརྗོད་དོན་གཅིག་པའི་མིང་བརྡ་དང་འབྲེལ་ཡོད་མིང་བརྡ་རྣམས་སྤྲིན་རིས་ཀྱི་རྣམ་པའི་སྒོ་ནས་བཏོད་པ་དང་། མིང་བརྡ་འཚོལ་བ་དང་མིང་བརྡ་རྣམས་ལ་ཏིང་ཡི་གེར་འབེབ་པ། མིང་བརྡ་འགྲེལ་བཤད་བཅས་ཀྱི་ནུས་པ་ལྡན།

དཔེར་བརྗོད་མང་བ། ཚིག་མཛོད་གང་རུང་དུ་ཡོད་པའི་མིང་བརྡ་འཚོལ་བཤེར་བྱེད་ཐུབ་པ་དང་། དྲ་ཐོག་གི་དཔེར་བརྗོད་ཚུར་འདྲེན་བྱེད་ཐུབ།
༣ པཎྜི་ཏ་ཡིག་ཚང་།

སྣ་མང་གི་འཚོལ་བཤེར། རྩོམ་པ་པོ་དང་རྩོམ་བྱང་། གཞུང་དངོས་སོགས་བརྡ་ཆད་གཙོ་བོ་བཅས་ནས་ཡིག་ཚང་འཚོལ་བཤེར་བྱ་ཐུབ་པ་དང་། མ་ཡིག་དང་བུ་ཡིག་ལྟར་པར་དང་ཡི་གེ་ཟུང་འབྲེལ་བྱས་ཡོད་ལ། ཡིག་ཚང་གི་དཀར་ཆག་དང་ཤོག་གྲངས། ཐིག་ཕྲེང་སོགས་ཞིབ་ཕྲའི་ཆ་འཕྲིན་འཚོལ་བཤེར་བྱེད་ཐུབ། དེ་མིན་གཞུང་དངོས་ཀྱི་མིང་བརྡ་འཚོལ་བཤེར་བྱེད་ཐུབ་པར་མ་ཟད། རྒྱལ་སྤྱིའི་སྒྲ་རྟགས་དང་ལ་ཏིང་གི་ཡི་གེར་འབེབས་པ་བཅས་ཀྱི་ཁྱད་ཆོས་འདུག

ཡིག་ཚང་གི་ཁྱབ་ཁོངས་ཆེ་བ། བཀའ་བསྟན་དང་མཁས་དབང་རིམ་བྱོན་གྱི་གསུང་འབུམ། ཏུན་ཧོང་ཡིག་རྙིང་། དུས་དེབ་སོགས་གཞི་རྒྱ་ཆེ་བའི་ཡིག་ཚང་གི་ཐོན་ཁུངས་མང་པོ་འདུས་ཡོད།

ཐུན་མིན་གྱི་རང་བཞིན། བལྟ་ཀློག་བྱེད་སྐབས་ཚིག་མཛོད་དང་དྲ་རྒྱ་བཅས་ནས་མིང་བརྡ་འཚོལ་བཤེར་བྱེད་པ་དང་། མི་སྒེར་གྱི་དཔེ་སྒྲོམ་དང་ཀློག་བྱང་། ཟིན་བྲིས། ལྟ་ཀློག་དུས་ཡུན་སོགས་ཀྱི་ནུས་པ་འདུས་ཡོད།
༤ པཎྜི་ཏ་ཡིག་གཟུགས་ངོས་འཛིན།

ཡིག་གཟུགས་སྣ་མང་། ཡིག་གཟུགས་མི་འདྲ་བ་དང་ཡིག་གཟུགས་ཀྱི་པར་སྒྲིག་མི་འདྲ་བཅས་གང་ཡིན་རུང་། ཆོད་ཆེ་བའི་སྒོ་ནས་གཟུགས་རིང་ངོས་འཛིན་ཐིག་པོ་བྱེད་ཐུབ།

བཀོལ་བདེ་བ། སྟབས་བདེའི་ངང་པར་རིས་ངོས་ཀྱི་ཡི་གེའི་ཁྱབ་ཁོངས་བདམས་ཆོག་པས་ཡིག་གཟུགས་ངོས་འཛིན་གྱི་ཚད་མཐོ།

སྣ་མང་ཉར་ཚགས། ཡིག་གཟུགས་ངོས་འཛིན་བྱས་པ་ཡིག་རྐྱང་ཅན་དང་། Wordཅན་དངPDFསོགས་རྣམ་གཞག་དུ་མས་མཁོ་སྤྲོད་བྱས་ཆོག 
༥ པཎྜི་ཏ་བོད་ལུགས་གསོ་རིག 

གསོ་རིག་ཤེས་བྱའི་སྡོང་འགྲེམས། བོད་སྨན་གྱི་སྦྱོར་སྡེ་དང་སྨན་སྣ་སོགས་འཚོལ་བཤེར་བྱེད་སྐབས་འབྲེལ་ཡོད་ཀྱི་ཤེས་བྱ་རྣམས་སྐད་གཉིས་སྡོང་འགྲེམས་ཀྱི་ལམ་ནས་མངོན་ཐུབ།

གཞི་གྲངས་རྒྱ་ཆེ་བ། བོད་སྨན་གྱི་ཡིག་ཚང1000ལྷག་དང་བོད་སྨན་གྱི་སྦྱོར་སྡེ། ནད་རིགས། སྨན་རྫས་སོགས་ཀྱི་ཤེས་བྱ་ཁྲི4. 5ལྷག་གི་འབྲེལ་ཡོད་ཤེས་བྱ་འདུས།

བརྡ་ཆད་འཚོལ་བཤེར། བོད་ཀྱི་གསོ་རིག་གི་ཡིག་ཚང་འཚོལ་བཤེར་བྱེད་ཐུབ་པ་དང་། ཡིག་ཚང་ལྟ་ཀློག་བྱེད་སྐབས་དྲ་ངོས་སུ་མིང་བརྡ་འཚོལ་བཤེར་དང་མིང་བརྡར་བརྡ་འགྲེལ་བྱེད་པའི་ནུས་པ་ལྡན། 
༦ པཎྜི་ཏ་རིས་བཤེར་ལོ་ཙཱ།

རང་འགུལ་གྱི་ངོས་འཛིན། ཁྱབ་ཁོངས་མི་འདྲ་བའི་འོག་པར་རིས་ཀྱི་རྣམ་པའི་བོད་ཡིག་ཡིག་གཟུགས་སྣ་མང་རང་འགུལ་གྱིས་ངོས་འཛིན་དང་ཤན་འབྱེད་བྱེད་ཐུབ།

པར་རིས་ཡིག་བསྒྱུར། སྤུས་ཚད་མཐོན་པོའི་སྒོ་ནས་པར་རིས་སྟེང་གི་བོད་ཡིག་གི་གཟུགས་རིས་ངོས་འཛིན་བྱེད་ཐུབ་པར་མ་ཟད་དང་རྒྱ་བོད་ཕན་ཚུན་བར་ཡིག་བསྒྱུར་བྱེད་ཐུབ།

རང་འགུལ་ངང་གསོག་ཉར་བྱེད་པ། རང་འགུལ་གྱིས་བཤེར་རིས་ལོ་ཙཱའི་ནང་དོན་ཉར་ཚགས་ཀྱིས་སང་ཕྱིན་འཚོལ་བདེ་སྟབས་བདེ་བྱས་ཡོད།

མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་ནས་སྤེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号