མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་འཆར་གཞིའི་བཀོད་སྒྲིག་ལྟར། ཉེ་ཆར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱོད་ཚོགས་ཆུང་ཞིང་ཆེན་ཁྲིམས་འཛིན་ཐིན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།  མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་ཁྲིམས་འཛུགས་ལ་ཞིབ་དཔྱོད་བྱས།

ཞིབ་དཔྱོད་ཚོགས་ཆུང་དང་བཅས་པ་མཚོ་བྱང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་། ཅིན་ཧྲ་ཝན་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་ས་ཚིགས། མིན་ཡོན་རྫོང་ཞིང་ཕྱུགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲལ་བསྟུན་དོ་དམ་བཅས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་བཅས་སུ་སོང་ནས་ཡུལ་དངོས་ལྟ་ཞིབ་དང་། གྲུབ་འབྲས་འགྲེམས་སྟོན་ལ་ལྟ་བ། ཡུལ་དངོས་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་དེ་འབྲེལ་ཡོད་སྡེ་ཁག་གི་སྲིད་འཛིན་ཁྲིམས་འཛིན་དང་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།  

ཞིབ་དཔྱོད་ཚོགས་ཆུང་གིས་རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། སྲིད་གཞུང་གི་སྲིད་འཛིན་ཁྲིམས་བསྟར་གྱི་ལྟ་སྐུལ་སྒྲིག་གཞི་དང་ཁྲིམས་འཛིན་སྡེ་ཁག་གཙོ་བོ་ཁག་གིས་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་འཛིན་ཁྲིམས་འཛིན་ཚད་གཞི་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། གྲངས་འཛིན་ཅན་བཅས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་བཏང་སྟེ།  སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་དང་། དཔྱད་བསྡུར་བརྟག་དཔྱད་བྱེད་ཆོག་པ། དཔང་རྟགས་འདོན་ཆོག་པ། འགན་འཁྲི་བདའ་འདེད་བྱེད་ཆོག་པ་བཅས་ལ་སྐུལ་འདེད་གཏོང་དགོས། “གཞི་གྲངས་ཀྱི་བཀག་རྒྱ”ནུས་ཤུགས་ཡོད་རྒུས་གཏོར་ནས་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས།  རིགས་སོ་སོ་དང་རིམ་པ་སོ་སོའི་སྲིད་འཛིན་ཁྲིམས་འཛིན་གྱི་བྱེད་པོ་དང་སྲིད་འཛིན་ཁྲིམས་འཛིན་གྱི་དོན་ཚན་ཚང་མ་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་འབྱུང་དགོས་ཞེས་ནན་གྱིས་བསྟན། ། 

ཞིབ་དཔྱོད་ཚོགས་ཆུང་གིས་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཧུར་ཐག་གིས་ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་བོ་དག་ངེས་པ་དོན་གྱིས་ལས་དོན་དང་ལག་ལེན། ལམ་ལུགས་འཛུགས་སྐྱོང་བཅས་སུ་བསྒྱུར་དགོས་པ་དང་། ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་དང་པོའི་ནང་ཟབ་ཞུགས་བྱས་ནས་གཞི་རིམ་གྱི་འབྲེལ་ཡོད་ལག་ལེན་ཉམས་མྱོང་སྔོག་འདོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རེ་སྒུག་སྲོལ་ཡིག་འཆར་ཟིན་ནང་བསྡུས་ཏེ་བཅོས་སྒྱུར་ཁྲིམས་འཛུགས་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་སོ་སོས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་། རང་འགུལ་ངང་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་ཁྲིམས་འཛུགས་ལས་དོན་ལ་གཞོགས་འདེགས་དང་ཧུར་ཐག་གིས་ཟབ་ཞུགས་བྱེད་པ།   ཐབས་འདོན་ཇུས་འབུལ་རྒྱ་ཁྱབ་བཅས་བྱས་ཏེ་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བསྟན།  །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号