དགུན་དུས་ཀྱི་ཚ་རྔ་འགག


མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་གནས་པའི་ཚ་རྔ་འགག་ནི་ཆུ་གློག་ས་ཚིགས་ཆེ་གྲས་ཤིག་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་འཛམ་གླིང་མི་ཡིས་དོ་སྣང་བྱེད་པའི་གནས་སུ་གྱུར།

ཚ་རྔ་འགག་ཆུ་རགས།

ཚ་རྔ་འགག་ཆུ་གློག་ས་ཚིགས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་ཚ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ལྗོངས་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་གཡང་འཁྱིལ་ཆུ་གློག་ས་ཚིགས་དང་ལ་ཟེ་བ་ཆུ་གློག་ས་ཚིགས་བར་གྱི་རྨ་ཆུའི་འབབ་རྒྱུད་གཙོ་བོའི་འགྲམ་རྒྱུད་དུ་ཁྱབ་ཡོད།

ཚ་རྔ་འགག

ཚ་རྔ་འགག་གྲོག་རོང་ཆེན་མོ།

ལྗོངས་ཁུལ་ནང་རྨ་ཆུའི་འགྲམ་རྒྱུད་ཀྱི་བྲག་རྡོ་དིམ་བསགས་རྡོ་ཡིན་པས། གྲོག་རོང་ནང་ལུང་ཤུར་འཕྲེད་གཞུང་དང་བྲག་རི་གཡང་གཟར་ཡོད་པས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཆགས་ཡོད།

ཚ་རྔ་འགག

ཚ་རྔ་འགག

ཚ་རྔ་འགག་གྲོག་རོང་དུ་བྱ་རྒོད་ཅིག་འཕུར་བཞིན་པ།

གྲུ་བསྡད་དེ་གྲོག་རོང་ནང་རྒྱུ་དུས་ཆུ་དང་གནམ་སྔོན་པོ། ཆུ་ནང་དུ་འཆར་བའི་གྲུབ་གཟུགས་ཀྱི་རང་བྱུང་མཛེས་པ་རོལ་མྱོང་བྱེད་ཐུབ་པ་མ་ཟད། གྲོག་རོང་འགྲམ་རྒྱུད་ཀྱི་གསོན་ཤུགས་ལྡན་པའི་རི་སྐྱེས་སྲོག་ཆགས་ཀྱིས་དེའི་འཆམ་མཐུན་སྐྱེ་ཁམས་མཚོན་པ་རེད།

ཡུལ་སྐོར་པས་ཚ་རྔ་འགག་ཏུ་ཡུལ་སྐོར་བྱེད་པ།

ཡུལ་སྐོར་པས་ཚ་རྔ་འགག་ཏུ་ཡུལ་སྐོར་བྱེད་པ།

རྔམ་བརྗིད་ལྡན་པའི་ཆུ་རགས་དང་རྦ་ཀློང་དྲག་ཏུ་འཕྱུར་བའི་རྨ་ཆུའི་ཆུ་རྒྱུན་དྲག་པོ་དང་གྱེན་དུ་ལངས་བའི་རྨ་ཆུའི་གྲོང་རོང་གིས་ཚ་རྔ་འགག་དེ་གྲོག་རོང་རི་འཛེག་དང་རྨ་ཆུའི་གནའ་ལམ་ཉེན་བརྟག ཆུ་ངོས་སྦྱོང་བརྡར་འགྲན་བསྡུར་གྱི་གནས་སུ་གྱུར་ཡོད།

རྒྱང་རིང་ནས་ཚ་རྔ་འགག་ལ་གཟིགས་པ།

ཀྲུང་ཧྭའི་མ་ཡུམ་ཆུ་བོ་སྟེ་རྨ་ཆུ་ནི་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་སྤྱི་ལེ411བར་དུ་སྐྱེ་ཁམས་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ལེགས་ཆ་རུ་སྒྱུར་བ་མ་ཟད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ནས། དྭངས་གཙང་མཚོ་ལྷོའི་ཡུལ་ལྗོངས་ལ་མཛེས་པ་དང་རིན་ཐང་བསྩལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号