རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་སྲུང་པ་འཇམ་དབྱངས་རྡོ་རྗེ།


གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོ་ཁུལ་དོ་དམ་ཨུ་ལྷན་རྨ་ཆུ་ཡུལ་ཚོ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འགན་འཁུར་པ་འཇམ་དབྱངས་རྡོ་རྗེ།

ད་ལོ་ནི་འཇམ་དབྱངས་རྡོ་རྗེ་ཡིས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པའི་ལོ་བརྒྱད་པ་རེད། 2016ལོར་ཁོ་རང་དགེ་རྒན་གྱི་ལས་གནས་དང་བྲལ་ཏེ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ནང་ཞུགས་པ་རེད།


གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་གནས་པ་དང་། དེ་གར་ཆུ་བོ་དང་མཚེའུ་མང་ཞིང་། དེའི་ཁྲོད་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚོ་སྐྱ་རེངས་དང་སྔོ་རེངས་སྲུང་སྐྱོབ་ཁུལ་ཡོད་པས། གྲང་ངར་ཆེ་བའི་བརླན་ས་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད།

འཇམ་དབྱངས་རྡོ་རྗེ་ཡིས“ང་ཚོ་འབྲོག་པའི་ངོས་ནས་བརྗོད་ན། འདི་ནི་ང་ཚོ་འཚོ་གནས་བྱེད་སའི་ཁྱིམ་གཞིས་ཡིན་པས། རྨ་ཆུའི་ཆུ་མགོ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ང་ཚོ་མི་རེ་རེའི་འགན་འཁྲི་ཡིན”ཞེས་བཤད།

དོ་དམ་སྲུང་སྐྱོབ་ལས་འགུལ་ཐེངས་ཁྲི1.2ལྷག་ཙམ་སྤེལ་བ་དང་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི9ལྷག་ལ་སྲུང་སྐྱོབ་བྱས་ཡོད་དེ།  གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་མགོ་ཁུངས་ཁུལ་དོ་དམ་ཨུ་ལྷན་གྱི་རྨ་ཆུ་ཡུལ་ཚོའི་སྐྱེ་ཁམས་དོ་དམ་ས་ཚིགས་ཀྱི་འགན་འཁུར་པ་ཡིན་པའི་ངོས་ནས་འཇམ་དབྱངས་རྡོ་རྗེ་དང་སྐོར་སྲུང་བ870ལྷག་གིས་མཉམ་དུ་རྨ་ཆུའི་རྒྱུད་ཀྱི་སྤྱི་ལེ181ཡི་སྐྱེ་དངོས་དང་སྲོག་ཆགས་ལ་སྲུང་སྐྱོབ་བྱས་ཡོད་དོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号